ཞི་ཅིན་ཕིང་གིས་ཨེ་ཙེ་ཨོ་ཕི་ཡའི་ཙུང་ཐུང་གསར་པ་ཐཱ་ཡེ་ལ་རྟེན་འབྲེལ་གློག་འཕྲིན་བཏང་།
2024.10.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ10ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐཱ་ཡེ་ལ་གློག་འཕྲིན་བཏང་སྟེ། ཁོས་ཨེ་ཙེ་ཨོ་ཕི་ཡ་རྒྱལ་ཕྲན་མཉམ་འབྲེལ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས། ཉེ་བའི་ལོ་འདི་འགར། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་འབྲེལ་བ་ཕྱོགས་ཡོངས་ནས་མགྱོགས་མྱུར་འཕེལ་རྒྱས་བྱུང་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་ཀྱང་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སོང་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཀྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ངས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་ཚད་མེད་བྱེད་བཞིན་ཡོད་ལ། ཙུང་ཐུང་ཐཱ་ཡེ་དང་མཉམ་དུ་འབད་པ་བྱས་ཏེ། 2024ལོའི་ཀྲུང་གོ་དང་ཧྥེ་གླིང་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་དངོས་འབེབས་གྲུབ་འབྲས་གོ་སྐབས་སུ་བྱེད་པ་དང་།  ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལོན་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་གང་མང་བསྐྲུན་འདོད་ཡོད་ཅེས་གསུངས།

རིག་འཛིན་སྒྲོལ་མས་བསྒྱུར།