ཉེ་ལམ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་སྐབས། ཧྥུའུ་ཅན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཛུགས་སྐྲུན་ལམ་ལུགས་ཀྱི་བྱ་བ་དམ་འཛིན་ལེགས་པོ་བྱས་ནས། ཐོན་ལས་ལེགས་པ་དང་དམངས་རྣམས་འབྱོར་ཕྱུག སྐྱེ་ཁམས་མཛེས་པ་བཅས་ཀྱི་ཧྥུའུ་ཅན་གསར་པའི་དམིགས་འབེན་ལ་དམ་འཛིན་ལྷོད་མེད་བྱེད་པ། འཆར་གཞི་གཅིག་དུས་ནམ་ཡང་རྒྱུན་འཁྱོངས་བྱེད་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་ཐད་ཡར་རྒྱས་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེ་བ་འཇོག་པ། མཚོ་འགག་འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་འཚོལ་ཞིབ་བྱེད་པའི་བགྲོད་ལམ་གསར་པའི་སྟེང་གོམ་སྟབས་སྔར་ལས་ཆེན་པོ་སྤོ་བ་དང་། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པའི་ཐད་ཚད་བརྒལ་སྔར་ལས་ཆེན་པོ་ཡོང་བར་བྱེད་པ། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་ངར་ཤུགས་ཆེན་པོས་མདུན་དུ་སྐྱོད་པ་བཅས་བྱེད་དགོས་པ་ནན་གྱིས་བསྟན།
ཟླ10པའི་ཚེས15ནས16ཉིན་བར། ཞི་ཅིན་ཕིང་ཧྥུའུ་ཅན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲོའུ་ཙུའུ་དབྱི་དང་ཧྲིན་ཀྲང་ཀྲའོ་ལུང་གི་འགྲོ་རོགས་འོག སྔ་རྗེས་སུ་ཀྲང་ཀྲོའུ་དང་ཞ་མིན་སོགས་སུ་བསྐྱོད་དེ། གྲོང་གསེབ་དང་གསར་བརྗེའི་སློབ་གསོའི་རྟེན་གཞི། རིག་དངོས་སྲུང་སྐྱོབ་ལས་ཁུངས། རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་སོགས་སུ་ཕེབས་ནས་རྟོག་ཞིབ་གནང་།
ཟླ10པའི་ཚེས15ནས16ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་། འདི་ནི་ཚེས15ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀྲང་ཀྲོའུ་གྲོང་ཁྱེར་ཏུང་ཧྲན་རྫོང་ཁྲིན་ཁྲིན་གྲོང་རྡལ་ཨའོ་ཅའོ་སྡེ་བ་རུ་རྟོག་ཞིབ་མཛད་པའི་ཚུལ་རེད།
ཟླ10པའི་ཚེས15ནས16ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་། འདི་ནི་ཚེས15ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀྲང་ཀྲོའུ་གྲོང་ཁྱེར་ཏུང་ཧྲན་རྫོང་ཁྲིན་ཁྲིན་གྲོང་རྡལ་ཨའོ་ཅའོ་སྡེ་བ་རུ་རྟོག་ཞིབ་མཛད་པའི་ཚུལ་རེད།
ཟླ10པའི་ཚེས15ནས16ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་། འདི་ནི་ཚེས15ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀྲང་ཀྲོའུ་གྲོང་ཁྱེར་ཏུང་ཧྲན་རྫོང་ཁྲིན་ཁྲིན་གྲོང་རྡལ་ཨའོ་ཅའོ་སྡེ་བ་རུ་རྟོག་ཞིབ་མཛད་པའི་ཚུལ་རེད།
ཚེས15ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཐོག་མར་ཀྲང་ཀྲོའུ་གྲོང་ཁྱེར་ཏུང་ཧྲན་རྫོང་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། རྫོང་དེའི་ཤར་ལྷོའི་རྒྱུད་ཀྱི་ཁྲིན་ཁྲིན་གྲོང་རྡལ་ཨའོ་ཅའོ་སྡེ་བའི་ཕྱོགས་གསུམ་མཚོ་དང་འབྲེལ་ཡོད་པ་དང་། ཉེ་བའི་ལོ་འགའི་རིང་ལ། མཚོ་ལ་བརྟེན་ནས་སྡེ་བ་དར་རྒྱས་གཏོང་བ་དང་མཚོ་ལ་བརྟེན་ནས་སྡེ་བ་སྟོབས་ཆེར་གཏོང་བའི་ལམ་གསར་པ་ཞིག་ཏུ་བསྐྱོད་ཡོད། ཞི་ཅིན་ཕིང་ཨའོ་ཅའོ་འགག་ནས་རྐང་ཐང་དུ་བསྐྱོད་དེ་མཚོ་ཁོངས་ཀྱི་ཁོར་ཡུག་དང་སྡེ་བའི་རྣམ་པར་གཟིགས་ཞིབ་གནང་བར་མ་ཟད། མཚོ་ཟས་སྐམ་སིལ་དང་ཉ་ཡི་ཐོན་རྫས་ཉོ་འཚོང་གི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་། རྒྱ་མཚོའི་ཐོན་རྫས་མི་ཉུང་བ་ཞིག་གི་ཉོ་འཚོང་ཧ་ཅང་དར་ཁྱབ་ཆེ་བ་དང་སྡེ་མིའི་ཡོང་འབབ་རྒྱུན་ཆད་མེད་པར་ཇེ་མང་དུ་ཕྱིན་པ་ཤེས་སྐབས་ཀྲུའུ་ཞི་ཞི་ཅིན་ཕིང་དགའ་སྤྲོ་ཆེན་པོ་སྐྱེས། ཁོང་གིས་འཚང་ཁ་ཤིག་ཤིག་ངང་ཚུར་ཡོང་བའི་སྡེ་མི་དང་ཉ་པ་ཚོར་བཤད་རྒྱུར། ལོ་ཉེར་གསུམ་སྔོན་ལ་ང་རང་ཁྱེད་ཚོའི་སྡེ་བ་འདིར་ཡོང་མྱོང་ལ། ད་ལྟའི་བར་དྲན་ཤེས་ཟབ་མོ་འདུག ཐེངས་འདིར་སྡེ་བར་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་བ་མཐོང་སྐབས་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་ལ་ཚོར་སྣང་ཟབ་མོའང་སྐྱེས་བྱུང་། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་བསྐྱོད་ཚེ་སྡེ་བར་སྔར་ལས་འོད་སྟོང་འཕྲོ་བའི་མདུན་ལམ་ལྡན་ངེས་ཡིན་ལ། ཞིང་པའི་འཚོ་བ་སྔར་ལས་ཚ་ཚ་འུར་འུར་དུ་འགྱུར་སྲིད། སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཡུལ་མི་སྤུན་ཟླ་ཚོའི་སྣེ་ཁྲིད་དེ་ཉ་ལས་ཀྱི་བྱ་བ་ལེགས་པོར་སྒྲུབ་ནས། གྲོང་གསེབ་དར་སྤེལ་དང་མཉམ་དུ་ཕྱུག་པོར་འགྱུར་བའི་བགྲོད་ལམ་དུ་ཞུམ་མེད་མདུན་སྐྱོད་བྱེད་དགོས།
ཟླ10པའི་ཚེས15ནས16ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་། འདི་ནི་ཚེས15ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀྲང་ཀྲོའུ་གྲོང་ཁྱེར་ཏུང་ཧྲན་རྫོང་ཀུའུ་ཝུན་ཁྲང་དྲན་གསོ་ཁང་གི་རྟོག་ཞིབ་གནང་བའི་ཚུལ་རེད།
ཟླ10པའི་ཚེས15ནས16ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་། འདི་ནི་ཚེས15ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀྲང་ཀྲོའུ་གྲོང་ཁྱེར་ཏུང་ཧྲན་རྫོང་ཀུའུ་ཝུན་ཁྲང་དྲན་གསོ་ཁང་གི་རྟོག་ཞིབ་གནང་བའི་ཚུལ་རེད།
དེའི་རྗེས། ཞི་ཅིན་ཕིང་ཀུའུ་ཝུན་ཁྲང་རྗེས་དྲན་ཁང་དུ་ཕེབས་ནས་བློ་མཐུན་ཀུའུ་ཝུན་ཁྲང་གི་མི་སེམས་འགུལ་བའི་བྱས་རྗེས་ལ་རྒྱུས་ལོན་གནང་བར་མ་ཟད། ས་གནས་དེ་གའི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཚུལ་གྱི་ངོ་སྤྲོད་ལ་གསན་པ་དང་། ཀུའུ་ཝུན་ཁྲང་ལས་བྱེད་སློབ་གླིང་གི་དགེ་རྒན་དང་སློབ་མའི་འཐུས་མི་ལ་བྱམས་བརྩེའི་ངང་བསམ་བློ་བརྗེ་རེས་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ལས་བྱེད་པའི་ལས་འབྲས་བཟང་མིན་བསྡུར་ཞིབ་བྱེད་ན་གཙོ་བོ་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་མིན་ལ་བལྟ་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་བློ་མཐུན་ཀུའུ་ཝུན་ཁྲང་ལ་སློབ་སྦྱོང་བྱས་ནས། ཡང་དག་པའི་སྲིད་འབྲས་ལྟ་བ་བརྟན་པོ་བཙུགས་ཏེ། གོ་གནས་གཅིག་དང་འགན་འཁྲི་གཅིག་གིས་ས་གནས་ཤིག་ལ་བདེ་སྐྱིད་བསྐྲུན་དགོས་པ་དང་། དངོས་སྒྲུབ་དངོས་གཉེར་དང་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་བྱ་བའི་གྲུབ་འབྲས་མི་དམངས་མང་ཚོགས་ཀྱི་སེམས་སུ་སིམ་པར་བྱེད་དགོས། བློ་མཐུན་ཀུའུ་ཝུན་ཁྲང་ལ་སློབ་སྦྱོང་བྱེད་ན། བླ་མེད་ཀུན་སྤྱོད་ལ་གོང་བཀུར་བྱེད་པ་དང་ཁ་མིག་ཡར་ལྟ་བྱས་ནས། ཁོ་ལྟ་བུའི་མི་ཞིག་བྱེད་པ་དང་ཁོ་ལྟར་དུ་སྲིད་སྐྱོང་དགོས།
ཟླ10པའི་ཚེས15ནས16ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་། འདི་ནི་ཚེས15ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀྲང་ཀྲོའུ་གྲོང་ཁྱེར་ཏུང་ཧྲན་རྫོང་ལྷ་ཆེན་ཀོན་ཡུས་རིག་གནས་ཐོན་ལས་གླིང་དུ་རྟོག་ཞིབ་གནང་བའི་ཚུལ་རེད།
ལྷ་ཆེན་ཀོན་ཡུས་རིག་གནས་ཐོན་ལས་གླིང་དུ། ཞི་ཅིན་ཕིང་གིས་ས་གནས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་ཤུགས་བསྣན་ཚུལ་དང་། འགྲམ་གཉིས་ཀྱི་རིག་གནས་བརྗེ་རེས་སོགས་ལ་སྐུལ་འདེད་བཏང་བ་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་ལ་གསན། ཁོང་གིས་ནན་གྱིས་བསྟན་དོན། རིག་གནས་ཤུལ་བཞག་ནི་མེས་པོས་བཞག་པའི་རྩ་ཆེའི་རྒྱུ་ནོར་ཡིན་ལ། དེ་ལ་སྲུང་སྐྱོབ་བཟང་པོ་དང་རྒྱུད་འཛིན་ལེགས་པོ་བྱེད་དགོས།
ཟླ10པའི་ཚེས15ནས16ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་། འདི་ནི་ཚེས16ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཀྲུང་གོ་ཧྥུའུ་ཅན་རང་དབང་ཉོ་འཚོང་ཚོད་ལྟ་ཁུལ་ཞ་མིན་གླིང་ཁུལ་དུ་རང་དབང་ཉོ་འཚོང་ཚོད་ལྟའི་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་པའི་ཚུལ་རེད།
ཚེས16ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཞ་མིན་དུ་ཀྲུང་གོའི་རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་ཞ་མིན་གླིང་ཁུལ་ལ་རྟོག་ཞིབ་གནང་། ཁོང་གིས་རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་ནས་ས་གནས་དེ་གའི་བཅོས་སྒྱུར་སྒོ་འབྱེད་རྒྱ་ཆེར་གཏོང་བ་དང་། མཚོ་འགག་འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་གསར་པ་འཚོལ་ཞིབ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན་པ་དང་། ཕྱོགས་བསྡུས་ཞབས་ཞུའི་ཚོམས་ཆེན་གྱི་སྒེའུ་ཁུང་གི་བྱ་བའི་མི་སྣ་དང་བསམ་བློ་བརྗེ་རེས་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཞ་མིན་དམིགས་བསལ་ས་ཁུལ་ལོ་ངོ40ལྷག་ལ་འཕེལ་རྒྱས་བཏང་བ་བརྒྱུད་བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ད་ལྟ་བཅོས་སྒྱུར་སྒོ་འབྱེད་དམ་འཛིན་བྱ་རྒྱུ་དེ་གཏིང་ཟབ་ཚད་དམ་ཡང་ན་རྒྱ་ཆེ་ཚད་གང་གི་ཐད་ནས་བརྗོད་ནའང་སྔར་གྱི་བླང་བྱ་ལས་ཧ་ཅང་མཐོ་བར་གྱུར་ཡོད། ཧྥུའུ་ཅན་དང་ཞ་མིན་གྱིས་དུས་བབ་ཀྱི་འཕེལ་རྒྱས་དང་འཚམ་པར་བྱས་ཏེ་ལམ་ལུགས་རྣམ་པའི་སྒོ་འབྱེད་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། རྒྱལ་སྤྱིའི་ཚད་གཞི་མཐོན་པོར་སྦྲེལ་ནས་གཟབ་ནན་གྱིས་སྒྲུབ་དགོས་ལ། ལམ་ལུགས་རང་བཞིན་དང་སྲིད་ཇུས་རང་བཞིན་གྱི་གྲུབ་འབྲས་མང་ཙམ་ཐོན་པར་བྱས་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྒྱ་ཆེ་རུ་གཏོང་ཆེད་ཡང་བསྐྱར་བྱས་རྗེས་གསར་པ་འཇོག་དགོས།
ཚེས16ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཞ་མིན་དུ་ཧྥུའུ་ཅན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་གསན་པ་དང་། ཧྥུའུ་ཅན་གྱི་བྱ་བ་སྣ་ཚོགས་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བར་མ་ཟད། གོ་རིམ་རྗེས་མའི་བྱ་བའི་ཐད་བླང་བྱ་གསལ་བོ་བཏོན།
ཞི་ཅིན་ཕིང་གིས་བསྟན་དོན། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ཐབས་ལམ་གསར་པ་གཏོད་དགོས། ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་མགྱོགས་པོར་འཛུགས་པ་དང་། སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་མི་སྣའི་སྒྲིག་སྲོལ་རྐྱེན་སྲོལ་གཞི་གཅིག་ཏུ་བཅོས་སྒྱུར་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། ནུས་རིམ་མཐོ་བའི་ཚན་རྩལ་གསར་གཏོད་ལས་སྟེགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་གྱི་འགག་སྒྲོལ་བྱ་སྤྱོད་གལ་ཆེན་ལག་བསྟར་བྱེད་པ། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གོ་གནས་གཙོ་བོ་ཇེ་དྲག་ཏུ་གཏོང་བ། དངུལ་རྩས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྔར་ལས་འཐུས་སྒོ་ཚང་བའི་གསར་གཏོད་ཁོར་ཡུག་དང་སྔར་ལས་འགུག་ཤུགས་ལྡན་པའི་ཤེས་ལྡན་མི་སྣའི་ཁོར་ཡུག་བསྐྲུན་དགོས། དངོས་ཕུང་དཔལ་འབྱོར་བརྟན་པོར་སྲུང་བ་དང་། སྲོལ་རྒྱུན་ཐོན་ལས་ཀྱི་ཁྱད་སྟོབས་སྲ་བརྟན་དུ་གཏོང་བ། ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། མ་འོངས་པའི་ཐོན་ལས་ལ་སྔོན་དཔག་བཀོད་སྒྲིག་བྱེད་པ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་སྟོབས་གསར་པ་བསྐྲུན་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་ཆེར་གཏོང་བའི་ཐད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་རིམ་པར་དམིགས་ནས་དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གྱི་སྣེ་ཁྲིད་ནུས་པ་འབུར་དུ་ཐོན་པར་བྱས་ཏེ། མུ་མཐུད་དུ་བློ་ཁོག་ཆེན་པོས་ཚོད་ལྟ་བྱེད་པ་དང་། བློ་ཁོག་ཆེན་པོས་མདུན་སྐྱོད་བྱེད་པ། རང་བདག་བཅོས་སྒྱུར་བཅས་བྱ་དགོས། “གཡོ་འགུལ་མེད་པ་གཉིས”རྒྱུན་འཁྱོངས་དང་། “ཅིན་ཅང་གི་ཉམས་མྱོང”གསར་གཏོད་དང་གོང་སྤེལ་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་དངུལ་གཏོང་ལས་སྐྲུན་གྱི་གསོན་ཤུགས་ལེགས་པར་བསྐྱེད་དགོས། མི་དམངས་མང་ཚོགས་ཀྱི་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་རེ་སྒུག་བྱེད་སར་དམིགས་ནས་དམངས་འཚོའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་སྣ་ཚོགས་སྔོན་ལ་དམ་འཛིན་ཡག་པོ་བྱེད་དགོས། རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་རིམ་སྤོར་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་རང་འགུལ་ངང་སྦྲེལ་མཐུད་བྱེད་པ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་དུ་འཛུགས་སྐྲུན་བྱེད་པར་ཟབ་ཞུགས་བྱས་ནས། དུས་རབས21པའི་མཚོ་ཐོག་དར་གོས་ཚོང་ལམ་གྱི་ལྟེ་བའི་ཁུལ་བསྐྲུན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་གལ་ཆེན་དང་བགྲོད་ལམ་གལ་ཆེན་གྱི་ནུས་པ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁུལ་འཛུགས་སྐྲུན་ཡག་པོ་བྱ་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དཔེ་སྟོན་བྱེད་དགོས། རི་མཚོ་རོགས་ལས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ཟབ་སྤེལ་བྱས་ཏེ། རི་མཚོར་གཅིག་གྱུར་གྱིས་འཆར་འགོད་དང་ནུས་པ་གསབ་རེས་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ཁུལ་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་། རི་རྩེ་ནས་རྒྱ་མཚོའི་བར་དུ་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པའི་རྣམ་པ་རྒྱ་ཆེན་པོ་འཛུགས་དགོས། ཁྱབ་ཁོངས་གཙོ་བོ་དང་བཞུར་རྒྱུད་གཙོ་བོ། མཚོ་ཁོངས་གཙོ་བོ་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་གི་ཤོང་ཚད་ཆེ་རུ་གཏོང་དགོས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་དང་རྣམ་པ་གསར་པའི་མཁར་གྲོང་ཅན་ཟུང་འབྲེལ་དམ་ཟབ་བྱེད་པར་ཤུགས་སྣོན་པ་དང་། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། རྫོང་ཁོངས་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་། གནས་རྙིང་ཁུལ་དར་སྤེལ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས། རྨོ་ཞིང་གི་མཐའ་ཚད་ནན་སྲུང་བྱེད་པ་དང་། ཞིང་ལས་ཆེན་པོའི་ལྟ་བ་དང་ཟས་རིགས་ཆེན་པོའི་ལྟ་བ་བཙུགས་ཏེ། ཁྱད་ལྡན་ཞིང་ལས་ཐོན་ལས་ཁྱུ་ཚོགས་བསྐྲུན་དགོས། ཐུན་མོང་གི་ནགས་ཚལ་བདག་དབང་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་དང་། ནགས་ཚལ་གྱི་ཟས་རིགས་དང་ནགས་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ། “ནགས་ཚལ་གྱི་འབྲུ་མཛོད་དང་དངུལ་མཛོད”རྒྱུན་ཆད་མེད་པར་སྔོག་འདོན་དང་གསོ་སྐྱོང་བྱ་དགོས། ཧྥུའུ་ཀྲོའུ་དང་ཞ་མིན་གཉིས་ནས་རྒྱལ་ཡོངས་ཀྱི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། རྒྱ་མཚོའི་དཔལ་འབྱོར་ཇེ་ཆེ་ཇེ་རྒྱས་སུ་གཏོང་དགོས། རྒྱ་མཚོའི་རླུང་འཚུབ་དང་ས་ཡོམ་སོགས་ཀྱི་རང་བྱུང་གནོད་འཚེ་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནོད་འགོག་གནོད་སེལ་གནོད་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིག་གནས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ་དང་ཧྥུའུ་ཅན་གྱི་རྣམ་པ་གསར་པ་མངོན་པའི་ཐད་འབད་བརྩོན་ལྷོད་མེད་བྱེད་དགོས། གསར་བརྗེའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཁྲང་ཏིན་དང་ཉིང་ཧྭ་རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་ཡག་པོར་བསྐྲུན་ནས། གསར་བརྗེའི་ལོ་རྒྱུས་ཡིག་རིགས་དང་གསར་བརྗེའི་རིག་རྫས་ཞིབ་འཇུག་དང་འཆད་འགྲེལ་གཏིང་ཟབ་བྱེད་དགོས། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་རིག་གནས་པའི་བྱ་བ་ལེགས་པོར་སྒྲུབ་ནས། སྲོལ་བརྗེ་ལུགས་སྒྱུར་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཀྱིས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱས་ཏེ། རིག་གནས་ཡུལ་སྐོར་ལས་རིགས་དེ་རྐང་འཛིན་ཐོན་ལས་སུ་སྐྱེད་སྲིང་བྱེད་དགོས། ངོགས་གཉིས་ཀྱི་རིག་གནས་བརྗེ་རེས་ལ་སྐུལ་འདེད་བཏང་སྟེ་མཉམ་དུ་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་བ་དང་། ཐའེ་ཝན་སྤུན་ཟླའི་མི་རིགས་དང་རིག་གནས། རྒྱལ་ཁབ་བཅས་ཀྱི་མོས་མཐུན་ཇེ་དྲག་ཏུ་གཏོང་དགོས། གཉེན་ཉེ་ཡུལ་མི་དང་མེས་པོའི་རིག་གནས་སོགས་ལ་བརྟེན་ནས་ཕྱིར་སྡོད་རང་མིའི་སེམས་པ་རྒྱ་ཁྱབ་ངང་གཅིག་ཏུ་བསྡུ་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཡོན་ལས་བྱེད་པར་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱ་རྒྱུའི་སློབ་གསོ་གཏོང་བ་དང་། གཞན་གྱི་སྔོན་དུ་སྒྲུབ་ཕོད་པ་དང་རྒྱལ་ཁ་ལེན་རྒྱུར་དགའ་བའི་གསར་འབྱེད་གསར་གཏོད་ཀྱི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་བཏང་སྟེ། འབད་འབུངས་ཡར་བརྩོན་དང་ལས་མཁས་སྒྲུབ་མཁས་ལ་གྲུབ་འབྲས་ཐོབ་པར་བྱེད་དགོས། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁུར་ཕོད་པ། སྤྱོད་གཙང་སྤྱི་གཞོལ་བཅས་བྱས་ནས། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་གནས་པར་བྱེད་དགོས། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་གཏིང་ཟབ་བྱས་ཏེ་གཞི་རིམ་གྱི་ཁུར་པོ་དངོས་སུ་ཇེ་ཡང་དུ་གཏོང་དགོས། “གཞི་རིམ་དུ་བསྐྱོད་པ་བཞིའི”ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོར་བསྐྱོད་ནས། ཏང་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཕན་ནུས་མཐོ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་དུས་ཚིགས་བཞི་པའི་དཔལ་འབྱོར་བྱ་བ་དམ་འཛིན་ཡག་པོ་བྱས་ནས། ཧུར་ཐག་གིས་ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས།
ཧི་ལིས་ཧྥིན་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་མཉམ་དུ་རྟོག་ཞིབ་བྱས།
ཤ་བོ་རིན་མཚོས་བསྒྱུར།