ས་དེའི་དུས་ཚོད་ཟླ10པའི་ཚེས22ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བསྡད་དེ་ཁཱ་ཧྲན་ལ་ཕེབས་ནས། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུ་ལྟར། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་བཅུ་དྲུག་པར་ཞུགས།
ས་དེའི་དུས་ཚོད་ཟླ10པའི་ཚེས22ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བསྡད་དེ་ཁཱ་ཧྲན་ལ་ཕེབས་ནས། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུ་ལྟར། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་བཅུ་དྲུག་པར་ཞུགས།
ས་དེའི་དུས་ཚོད་ཟླ10པའི་ཚེས22ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བསྡད་དེ་ཁཱ་ཧྲན་ལ་ཕེབས་ནས། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུ་ལྟར། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་བཅུ་དྲུག་པར་ཞུགས། པར་འདི་ནི་ཞི་ཅིན་ཕིང་གིས་གནམ་གྲུ་ཐང་ལ་བསུ་མ་བྱེད་པར་ཡོང་བའི་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ཏཱ་ཏ་སི་ཐན་སྤྱི་མཐུན་རྒྱལ་ཁབ་གྱི་སྲིད་འཛིན་དཔོན་པོ་མེན་ཉི་ཧྭ་ནའོ་ཧྥུའུ་དང་ཞག་འཇུ་བྱེད་བཞིན་པའི་ཚུལ་རེད།
ས་དེའི་དུས་ཚོད་ཟླ10པའི་ཚེས22ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བསྡད་དེ་ཁཱ་ཧྲན་ལ་ཕེབས་ནས། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུ་ལྟར། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་བཅུ་དྲུག་པར་ཞུགས། འད་ནི་ཞི་ཅིན་ཕིང་གིས་གནམ་གྲུ་ཐང་ལ་བསུ་མ་བྱེད་པར་ཡོང་བའི་ཨུ་རུ་སིའི་ཁཱ་ཧྲན་གྲོང་ཁྱེར་གྱི་ཧྲི་ཀྲང་མེ་ཐི་དང་ཞག་འཇུ་བྱེད་བཞིན་པའི་ཚུལ་རེད།
ཆེད་གཏོང་གནམ་གྲུ་ཁཱ་ཧྲན་ལ་ཐོན་དུས། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཏཱ་ཏ་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དཔོན་པོ་མེན་ཉི་ཧྭ་ནའོ་ཧྥུའུ་དང་། སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ཕེ་སའོ་ཧྲིན། ཁཱ་ཧྲན་གྲོང་ཁྱེར་གྱི་ཧྲི་ཀྲང་མེ་ཐི་ཧྲིན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མཐོ་རིམ་དཔོན་པོ་བཅས་གནམ་གྲུ་ཐང་ལ་ཐོན་ནས་བསུ་མ་བྱས། གཟབ་དམག་གཞོགས་གཉིས་སུ་འགྲེང་ནས་གུས་འདུད་ཞུས་པ་དང་། མི་རིགས་ཀྱི་གྱོན་ཆས་སྤྲས་པའི་ཨུ་རུ་སིའི་ན་གཞོན་བུད་མེད་ཚོས་སྲོལ་རྒྱུན་གྱི་གུས་སྲོལ་ལྟར་བསུ་མ་བྱས།
ཚའེ་ཆི་དང་ཝང་དབྱི་སོགས་འགྲོ་རོགས་མི་སྣ་མཉམ་དུ་གནམ་གྲུ་ཐང་ལ་འབྱོར།
ཀྲུང་གོའི་ཨུ་རུ་སི་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཀྲང་ཧྭན་ཧུའེ་ཡང་གནམ་གྲུ་ཐང་ལ་ཐོན་ནས་བསུ་མ་བྱས།
རིན་ཆེན་མཚོས་བསྒྱུར།