ཞི་ཅིན་ཕིང་གིས་མཱ་མའོ་ཁེ་རི་པ་སིའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
2024.10.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 3

ཟླ10པའི་ཚེས27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཐ་ནེ་ཞི·མཱ་མའོ་ཡང་བསྐྱར་ཁེ་རི་པ་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁེ་རི་པ་སི་ནི་གྲོགས་པོ་བཟང་པོ་དང་།    ཟླ་གྲོགས་བཟང་པོ།    སྤུན་ཟླ་བཟང་པོ་ཡིན།     2019ལོའི་ཟླ9པརའབྲེལ་བ་སླར་གསོ་བྱས་པའི་ཚུན་ལ། ཀྲུང་གོ་དང་ཁེ་རི་པ་སི་རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་བ་དང་།    དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།    མི་གཞུང་དང་ས་གནས་བར་གྱི་བརྗེ་རེས་གཏིང་ཟབ་ཏུ་ཕྱིན་པ་དང་།    ཕན་ཚུན་བར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཡོད།     ངས་ཀྲུང་གོ་དང་ཁེ་རི་པ་སིའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། སྐུ་ཞབས་ཙུང་ཐུང་དང་ལྷན་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་སྐྲུན་འདོད་ཡོད།

ཤ་བོ་རིན་མཚོས་བསྒྱུར།