ཟླ12པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཟུར་པ་ཚོས་ཧྲི་ཨན་ལ་མཇལ་འཕྲད་གནང་།
ཟླ12པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མིན་དུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཟུར་པ་ཚོས་ཧྲི་ཨན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཧོ་ཧོའུ་ཧྭ་དང་ཚོས་ཧྲི་ཨན་གཉིས་ལ་ཞལ་ཕྱོགས་ཏེ་བསྟན་དོན། ཨའོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བའི་རིང་ལ། ཨའོ་མིན་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་ཅིང་། གྲུབ་འབྲས་ནི་མིག་མཐོང་ལག་ཟིན་ལྟ་བུ་རེད། ཁྱོད་ཚོས་སྔ་རྗེས་སུ་སྲིད་འཛིན་དཔོན་གྱི་འགན་བཞེས་ཏེ། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོའི་སྣེ་ཁྲིད་དེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱས་པ་དང་། ཨའོ་མིན་གྱི་དར་རྒྱས་དང་བརྟན་བརླིང་རྒྱུན་འཁྱོངས་བྱས་ཏེ། འདི་གའི་ཡུན་ཕན་འཕེལ་རྒྱས་ལ་རྨང་གཞི་ཧ་ཅང་ཡག་པོ་ཞིག་བཏིངས་ཡོད། ཨའོ་མིན་ལ་ད་ལྟའི་རྣམ་པ་བཟང་པོ་འདི་ལྟ་བུ་ཞིག་བྱུང་བ་ནི་ཁྱོད་ཚོས་བྱས་རྗེས་བཞག་པ་དང་ཁ་འབྲལ་ཐབས་མེད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཁྱོད་ཚོས་སྐབས་གསར་པའི་སྲིད་འཛིན་དཔོན་དང་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་ཇུས་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་དང་། རྒྱལ་གཅེས་ཨའོ་གཅེས་ཀྱི་སྟོབས་ཤུགས་འཕེལ་རྒྱས་སྟོབས་ལྡན་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། ཨའོ་མིན་དང་ནང་ལོགས་བར་གྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དྲིལ་སྒྲོག་བྱེད་པ། ཨའོ་མིན་གྱི་འཆར་འགོད་འཆར་གཞི་ངོ་སྤྲོད་བྱེད་པ། ཨའོ་མིན་གྱི་གཏམ་རྒྱུད་ཡག་པོར་འཆད་པ་བཅས་བྱས་ནས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་པོའི་ངང་སྤེལ་ཆེད་མུ་མཐུད་བྱས་རྗེས་འཇོག་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།
ཧོ་ཧོའུ་ཧྭ་དང་ཚོས་ཧྲི་ཨན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུགས་ཁུར་དང་སྐུལ་ལྕག་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཨའོ་མིན་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། སྐབས་གསར་པའི་སྲིད་འཛིན་དཔོན་དང་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་སོ་སོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། ཨའོ་མིན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།
ཚའེ་ཆི་དང་ཞ་པའོ་ལུང་སོགས་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།