ཟླ12པའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སེ་པེད་ཅང་གི་གནམ་གྲུར་ཆག་སྒོ་བྱུང་སྟེ་མི་སྣ་ཤི་རྨས་བྱུང་བའི་ཐད་ནས་ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལི་ཡེ་ཧྥུའུ་དང་། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་ཡེ་ཧྥུའུ་བཅས་ལ་འཚམས་འདྲིའི་གློག་འཕྲིན་བཏང་།
ཞི་ཅིན་ཕིང་གིས་བསྟན་དོན། ཨ་སེ་པེད་ཅང་གི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་ཆག་སྒོ་བྱུང་ནས་མི་སྣ་ཤི་རྨས་བྱུང་བའི་གནས་ཚུལ་གློ་བུར་དུ་ཤེས་བྱུང་བས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ནས་རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཟབ་མོ་ཞུས་པ་དང་། འདས་པོའི་ཁྱིམ་མི་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་པ་ཡིན་ལ། རྨས་ཕོག་པའི་མི་སྣ་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུ།
ཤ་བོ་རིན་མཚོས་བསྒྱུར།