ཞི་ཅིན་ཕིང་གིས་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐོ་དང་གྲོས་མོལ་གནང་།
2025.04.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐོ་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་ཕྱིའི་ཐང་ཆེན་དུ་ལུའུ་ཐོ་ལ་དགའ་བསུའི་མཛད་སྒོ་བསྡུ་བའི་རྣམ་པ་རེད།

ཟླ4པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐོ་དང་གྲོས་མོལ་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་ཕྱོགས་གཉིས་ཀྱི་འབྲེལ་བའི་ངེས་གནས་དེ་དུས་རབས་གསར་བའི་ཀྲུང་གོ་དང་ཁེན་ནི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པར་མཐོར་འདེགས་གཏོང་རྒྱུར་མོས་མཐུན་བྱུང་།

ཟླ4པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐོ་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་ཕྱིའི་ཐང་ཆེན་དུ་ལུའུ་ཐོ་ལ་དགའ་བསུའི་མཛད་སྒོ་བསྡུ་བའི་རྣམ་པ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། འབྲེལ་བ་བཙུགས་པའི་ལོ་ངོ62རིང་ལ། ཀྲུང་གོ་དང་ཁེན་ནི་ཡ་ཕྱོགས་གཉིས་ཀྱིས་ཐོག་མཐར་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་ཧྥེ་གླིང་གི་མཛའ་འབྲེལ་མཉམ་ལས་ཀྱི་སྙིང་སྟོབས་དང་དར་གོས་ཚོང་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད། ཀྲུང་གོ་དང་ཁེན་ནི་ཡའི་འབྲེལ་བ་དེ་དུས་རབས་གསར་བའི་ཀྲུང་གོ་དང་ཁེན་ནི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པར་མཐོར་འདེགས་བཏང་བ་དེ་ནི། ཕྱོགས་གཉིས་ཀྱི་འཐབ་ཇུས་ཀྱི་གདམ་ཀ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁེན་ནི་ཡ་ཕྱོགས་དང་མཉམ་དུ། ལོ་རྒྱུས་ཀྱི་རླབས་རྒྱུན་དང་དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས། དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པའི་དཔེ་མཚོན་བསྐྲུན་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་དང་འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྣེ་ཁྲིད་བྱེད་དགོས།

ཞི་ཅིན་ཕིང་གིས་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་ནི་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་རྒྱལ། འཛམ་གླིང་ཡོངས་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱེད་པའི་ཡང་དག་པའི་བགྲོད་ལམ་ཞིག་ཡིན། ཀྲུང་གོ་དང་ཁེན་ནི་ཡ་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པ་དང་། ཕན་ཚུན་གྱིས་འཚོལ་ཞིབ་བྱེད་པའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས། དེང་རབས་ཅན་གྱི་བགྲོད་ལམ་སྟེང་གི་མཉམ་སྐྱོད་མཁན་དང་ངེས་དོན་གྱི་གྲོགས་པོ་བྱེད་དགོས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་ཁྱད་ཆོས་ཤིག་ཡིན་པས། རྒྱུན་རྣམ་ཅན་གྱི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ཆུ་ཚད་མཐོ་བའི་ཕན་ཚུན་མཉམ་འབྲེལ་མཉམ་སྒུལ་ལ་སྐུལ་འདེད་གཏོང་བ་དང་། རྒྱུན་མཐུད་ཐུབ་པའི་ཉོ་ཚོང་གེགས་མེད་ཡོང་བར་སྐུལ་འདེད་གཏོང་དགོས་ལ། སྣ་མང་བའི་དངུལ་རྩ་མཉམ་འདྲེས་ཐབས་ལམ་འཚོལ་ཞིབ་བྱེད་པ་དང་། ཚེ་ཚེ་རབས་རབས་ཀྱི་མཛའ་མཐུན་དང་དམངས་སེམས་གཅིག་མཐུན་གྱི་རྒྱུན་མཐུད་ནས། རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོན་པོས་མཉམ་སྐྲུན་བྱེད་པའི་སྣེ་ཁྲིད་མཁན་བྱེད་དགོས། ཀྲུང་གོའི་གཞི་རྒྱ་ཆེས་ཆེ་བའི་ཚོང་རས་དུས་ནམ་ཡང་ཁེན་ནི་ཡ་ཕྱོགས་ཀྱི་སྤུས་ལེགས་ཐོན་རྫས་ལ་སྒོ་མོ་ཡངས་པོར་ཕྱེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྟོབས་ནུས་འཛོམས་པའི་ཀྲུང་གོའི་ཁེ་ལས་སྔར་ལས་མང་བོས་ཁེན་ནི་ཡ་རུ་དངུལ་གཏོང་ལས་སྤེལ་བྱེད་པར་སྐུལ་མ་གཏོང་ངེས་ཡིན། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་གཏོགས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཀྲུང་གོ་དང་ཁེན་ནི་ཡ་རྒྱལ་ཁབ་གཉིས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་བརྟན་པོ་བྱེད་པ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་འཛམ་གླིང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ་དང་། འདྲ་མཉམ་དང་གོ་རིམ་ཡོད་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་འཛུགས་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་དེ་ཞི་བདེ་དང་། བདེ་འཇགས། དར་རྒྱས། ཡར་ཐོན་བཅས་ཀྱི་འོད་སྟོང་ལྡན་པའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོས་ཧྥེ་གླིང་ལ་ལྷག་བསམ་རྣམ་དག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་མི་སྲིད་ལ། ཀྲུང་གོ་དང་ཧྥེ་གླིང་གིས་དཀའ་སྡུག་མཉམ་མྱོང་དང་། ཕན་ཚུན་རོགས་རེས་བྱེད་པའི་ཐོག་མའི་བསམ་འདུན་ལ་འགྱུར་བ་གཏོང་མི་སྲིད་ཅིང་། ཀྲུང་གོ་དང་ཧྥེ་གླིང་གི་མཉམ་ལས་མཉམ་རྒྱལ་དང་། ཐུན་མོང་འཕེལ་རྒྱས་ཀྱི་གཞི་རྩའི་རྩ་དོན་ལ་འགྱུར་བ་གཏོང་མི་སྲིད། ཀྲུང་གོས་གང་བཤད་དོན་འཁེལ་དང་གང་བྱས་མཐའ་འཁྱོལ་བྱེད་ངེས་ཡིན། ཁེན་ནི་ཡ་དང་བཅས་པའི་ཧྥེ་གླིང་གི་རྒྱལ་ཁབ་དང་མཉམ་དུ། ཀྲུང་གོ་དང་ཧྥེ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་སྔ་མོ་ནས་གྲུབ་འབྲས་ལོན་པར་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ཧྥེ་གླིང་མི་དམངས་ལ་ཕན་འདོགས་པ། མུ་མཐུད་དུ་ཀྲུང་གོ་དང་ཧྥེ་གླིང་གི་མཉམ་འབྲེལ་རང་སྟོབས་དང་། མཐུན་སྒྲིལ་མཉམ་ལས་བྱེད་པའི་དུས་རབས་ཀྱི་སྟོབས་ཤུགས་འདོན་སྤེལ་བྱས་ནས། སྤུས་ཚད་མཐོ་བའི་ཀྲུང་གོ་དང་ཧྥེ་གླིང་གི་མཉམ་ལས་ལ་བརྟེན་ནས་འཛམ་གླིང་ལྷོ་ཕྱོགས་ཀྱི་མཉམ་ལས་ལ་སྣེ་ཁྲིད་བྱེད་དགོས།

ཞི་ཅིན་ཕིང་གིས་སྒོ་ཁྲལ་འཐབ་ཇུས་དང་། ཉོ་ཚོང་འཐབ་ཇུས་ལ་རྒྱལ་ཁ་ལེན་མཁན་མེད། ཀྲུང་གོས་དོན་དག་མི་བཟོ་ལ་དོན་དག་ལ་སྐྲག་སྣང་ཡང་མེད། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ། མཐུན་སྒྲིལ་མཉམ་ལས་ལ་བརྟེན་ནས་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་། རང་སྟེང་གི་རང་བདག་ཁེ་དབང་ལ་སྲུང་སྐྱོབ་དང་། རྒྱལ་སྤྱིའི་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་ཅིང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།

ཟླ4ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐོ་དང་གྲོས་མོལ་གནང་།

ལུའུ་ཐོ་ཡིས་བསྟན་དོན། ཁེན་ནི་ཡ་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཐུན་མོང་གི་རེ་འདུན་ཡོད། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། དུས་རྣམ་ཀུན་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཆགས་ཡོད། ཁེན་ནི་ཡས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། ཐེ་ཝན་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན་པ་རྒྱུན་འཁྱོངས་བྱེད་ངེས། ཁེན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་ཁེན་ནི་ཡའི་རྨང་གཞིའི་སྒྲིག་ཆས་ཀྱི་ཆུ་ཚད་དང་། རང་བྱུང་གནོད་འཚེ་ལ་ཁ་གཏད་འཇལ་བའི་ཐད་སྒེར་སེམས་མེད་པའི་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། མཱིན་པཱ་ས་ནས་ནེ་ལོ་པིས་བར་གྱི་ལྕགས་ལམ་སོགས་རྒྱུད་གཅིག་ལམ་གཅིག་ལས་གཞིས་ཁེན་ནི་ཡའི་རྒྱལ་ཁབ་འཕེལ་རྒྱས་ཐད་སྐུལ་འདེད་ནུས་ལྡན་བཏང་ཡོད། ཁེན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ལག་རྡང་སྦྲེལ་ཏེ་ལས་སྐལ་གཅིག་མཐུན་ཚོགས་པ་བཙུགས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་སྦྲེལ་མཐུད་བྱེད་པ་དང་། ཉོ་ཚོང་དང་། དངུལ་གཏོང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། སློབ་གསོ་དང་རིག་གནས། ཡུལ་སྐོར་བརྗེ་རེས་ཤུགས་དྲག་ཏུ་བཏང་སྟེ། རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མ་འོངས་པ་སྔར་ལས་དམ་པོར་སྦྲེལ་འདོད་ཡོད། ཀྲུང་གོ་དང་ཧྥེ་གླིང་གིས་མཉམ་ལས་བྱས་ན་ཧྥེ་གླིང་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བར་ཕན་ཐོགས་ཡོད། ཁེན་ནི་ཡ་ཕྱོགས་ཀྱིས་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཧྥེ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དངོས་འབེབས་བཟང་པོ་བྱེད་འདོད་ཡོད། ཉོ་ཚོང་འཐབ་ཇུས་ཀྱིས་ད་ལྟའི་རྒྱལ་སྤྱིའི་སྒྲིག་སྲོལ་དང་སྒྲིག་རིམ་ལ་གཏོར་བརླག་གཏོང་བཞིན་ཡོད། ཁེན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོས་མིག་སྔའི་ཟང་ཟིང་གི་གནས་བབ་ཁྲོད་བརྟན་འཇགས་ཀྱི་ནུས་པ་བཏོན་པར་བསྔགས་བརྗོད་བྱེད་ཀྱིན་ཡོད་ལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རང་བདག་ཁེ་དབང་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ཁེན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་དངོས་སུ་རྒྱུན་འཁྱོངས་དང་ལག་བསྟར་བྱེད་འདོད་ཡོད།

ཟླ4པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐོ་དང་གྲོས་མོལ་གནང་།

གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་། མཐོ་རིམ་ཚན་རྩལ་གསར་བ། མི་ཆོས་བརྗེ་རེས། དཔལ་འབྱོར་ཉོ་ཚོང་། གསར་འགྱུར་སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་20འགོད་པར་མཉམ་དུ་བདེན་དཔང་གནང་།

ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁེན་ནི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱིས་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་ཀྲུང་གོ་དང་ཧྥེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པའི་དཔེ་མཚོན་བསྐྲུན་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་འགྲེམས་སྤེལ་བྱས།

ཟླ4པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐི་དང་མཉམ་དུ་གྲོས་མོལ་གནང་། འདི་ནི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་ཙུང་ཐུང་ལུའུ་ཐོ་དང་ལྕམ་མོ་ལའེ་ཆི་ཨར་དང་མཉམ་དུ་མཉམ་པར་ལེན་པའི་རྣམ་པ་རེད།

གྲོས་མོལ་གྱི་སྔོན་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་ཕྱིའི་ཐང་ཆེན་དུ་ཙུང་ཐུང་ལུའུ་ཐོ་དང་ལྕམ་མོ་ལའེ་ཆི་ཨར་གཉིས་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཟླ4པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐི་དང་མཉམ་དུ་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་ཕྱིའི་ཐང་ཆེན་དུ་ཙུང་ཐུང་ལུའུ་ཐོ་ལ་དགའ་བསུའི་མཛད་སྒོ་བསྡུ་བའི་རྣམ་པ་རེད།

ཙུང་ཐུང་ལུའུ་ཐོ་སླེབས་མ་ཐག གུས་ཞབས་དམག་དཔུང་གིས་གུས་འདུད་ཞུས། ཞི་ཅིན་ཕིང་ཙུང་ཐུང་ལུའུ་ཐོ་དང་མཉམ་དུ་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་པ་དང་། དམག་མིའི་རམ་དཀྲོལ་རུ་ཁག་གིས་ཀྲུང་གོ་དང་ཁེན་ནི་ཡའི་རྒྱལ་གླུ་དཀྲོལ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་ལུགས་མེ་སྒྱོགས་ཐེངས21གྲགས། ཙུང་ཐུང་ལུའུ་ཐོ་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད་པར་མ་ཟད། དམག་རིགས་རྣམ་འབྱེད་རུ་སྟར་ལ་ཞིབ་གཟིགས་མཛད།

ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་ཙུང་ཐུང་ལུའུ་ཐོ་བཟའ་ཟླ་གཉིས་ལ་དགའ་བསུའི་གསོལ་སྟོན་བཤམས།

ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།