ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མུའུ་ཧུང་གསར་དུ་བསྐོ་གཞག་བྱས་པའི་ཀ་ཕིན་ཙུང་ཐུང་གི་འགན་འཁུར་བའི་མཛད་སྒོར་ཞུགས།
2025.05.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ལིས་པའོ་ཝེ་ཨར་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཀ་ཕིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨིན་ཀུའེ་མཱ་ཡིས་གདན་ཞུ་ལྟར། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མུའུ་ཧུང་ཚེས3ཉིན་ཀ་ཕིན་གྱི་རྒྱལ་ས་ལིས་པའོ་ཝེ་ཨར་རུ་ཨིན་ཀུའེ་མཱ་ཡི་ཙུང་ཐུང་གི་འགན་འཁུར་བའི་མཛད་སྒོར་ཞུགས།  ཚེས4ཉིན་ཨེན་ཀུའེ་མ་ཡིས་ལིས་པའོ་ཝེ་ཨར་རུ་མུའུ་ཧུང་ལ་མཇལ་འཕྲད་གནང་།

མུའུ་ཧུང་གིས་ཨིན་ཀུའེ་མཱ་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྙིང་ཉེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཀ་ཕིན་བར་གྱི་འཕེལ་རྒྱས་འབྲེལ་བར་གདེང་འཇོག་ཆེན་པོ་བྱེད་ཀྱིན་ཡོད་ལ། ཀ་ཕིན་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་བརྩེའི་ཁྲོད་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། མཐུན་སྒྲིལ་རོགས་རེས་ཁྲོད་ཕན་ཚུན་གྱི་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ་དང་། གཉིས་ཕན་མཉམ་རྒྱལ་ཁྲོད་ལག་རྡང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། ཀྲུང་གོ་དང་ཀ་ཕིན་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཨེན་ཀུའེ་མཱ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་མངག་ཕོ་ཉ་མངགས་ནས་ཁོང་གི་འགན་འཁུར་མཛད་སྒོ་ཞུགས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། མུའུ་ཧུང་ལ་ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་སྤྲོད་གནང་རོགས་ཞུས། ཨེན་ཀུའེ་མཱ་ཡིས་བསྟན་དོན། ཀ་ཕིན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་བྱས་ཏེ། ཀྲུང་གོ་ཕྱོགས་དང་མངའ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་རྒྱུ་ཡིན།

ཤ་བོ་རིན་མཚོས་བསྒྱུར།