ཞི་ཅིན་ཕིང་མའོ་སི་ཁོར་ཐོན་ནས་ཨུ་རུ་སིར་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།
2025.05.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ5པའི་ཚེས7ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁོ་རུ་འབྱོར་ཏེ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར་ཨུ་རུ་སིར་རྒྱལ་དོན་འཚམས་འདྲི་གནང་བར་མ་ཟད། སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་དང་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་རྒྱུ་རེད། ཨུ་རུ་སི་ཕྱོགས་ཀྱིས་གནམ་ཐང་དུ་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས། འདི་ནི་ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བའི་ཚུལ་རེད། 

ས་དེའི་དུས་ཚོད་ཟླ5པའི་ཚེས7ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁོ་རུ་འབྱོར་ཏེ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར་ཨུ་རུ་སིར་རྒྱལ་དོན་འཚམས་འདྲི་གནང་བར་མ་ཟད། སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་དང་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་རྒྱུ་རེད།

ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་ཨུ་རུ་སིའི་མངའ་ཁོངས་ཀྱི་བར་སྣང་དུ་འཛུལ་རྗེས། ཨུ་རུ་སིའི་མཁའ་དམག་གི་དམག་འཐབ་གནམ་གྲུས་མཁའ་དབྱིངས་ནས་སྲུང་སྐྱེལ་བྱས།

ས་དེའི་དུས་ཚོད་ཟླ5པའི་ཚེས7ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁོ་རུ་འབྱོར་ཏེ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར་ཨུ་རུ་སིར་རྒྱལ་དོན་འཚམས་འདྲི་གནང་བར་མ་ཟད། སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་དང་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་རྒྱུ་རེད། ཞི་ཅིན་ཕིང་མའོ་སི་ཁོ་ཡི་ཧྥུའུ་ནུའུ་ཁི་ཝའི་ཆེད་དམིགས་གནམ་གྲུ་ཐང་དུ་འབྱོར་སྐབས། ཨུ་རུ་སིའི་ཙུང་ལི་གཞོན་པ་ཀི་ལིས་ཁི་ཝ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས།

ཞི་ཅིན་ཕིང་མའོ་སི་ཁོ་ཡི་ཧྥུའུ་ནུའུ་ཁི་ཝའི་ཆེད་དམིགས་གནམ་གྲུ་ཐང་དུ་འབྱོར་སྐབས། ཨུ་རུ་སིའི་ཙུང་ལི་གཞོན་པ་ཀི་ལིས་ཁི་ཝ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས།

ཨུ་རུ་སི་ཕྱོགས་ཀྱིས་གནམ་གྲུ་ཐང་དུ་བསུ་མ་ཞུ་བའི་མཛད་སྒོ་གཟབ་རྒྱས་བསྡུས། དམག་དཔུང་རམ་དཀྲོལ་ཚོགས་པས་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ།  ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བར་མ་ཟད། དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས།

ཞི་ཅིན་ཕིང་གིས་ཡིག་ཐོག་གི་གསུང་བཤད་གནང་སྟེ། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས། ཨུ་རུ་སིའི་སྲིད་གཞུང་དང་ཨུ་རུ་སིའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སི་ནི་ཁ་འབྲལ་ཐབས་མེད་པའི་ཁྱིམ་མཚེས་བཟང་པོ་དང་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་རྣལ་མ། ཕན་ཚུན་བར་རྒྱབ་སྐྱོར་བྱེད་པའི་ཟླ་གྲོགས་བཟང་པོ་བཅས་ཡིན། ཕྱོགས་གཉིས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་ཆེན་པོ་མཉམ་གནས་ཀྱི་ཐབས་ལམ་ཡང་དག་ཅིག་ལེགས་འགྲུབ་སྒོས་འཚོལ་ཞིབ་བྱས་ཏེ། དུས་རབས་གསར་པའི་ཀྲུང་ཨུ་འཐབ་ཇུས་གཞོགས་འདེགས་ཀྱི་སྙིང་སྟོབས་བསྐྲུན་ཡོད། རང་བཙན་རང་བདག་དང་འཐུས་ཚང་འགྱུར་མེད་ཀྱི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བས་ད་གཟོད་རྒྱལ་ཁབ་གཉི་གའི་མི་དམངས་ལ་བདེ་སྐྱིད་ཧ་ཅང་ཆེན་པོ་བསྐྲུན་ཐུབ་པར་མ་ཟད། འཛམ་གླིང་ཧྲིལ་པོའི་འཐབ་ཇུས་བརྟན་བརླིང་ལ་སྲུང་སྐྱོབ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད་བྱས་སྐྱེས་གལ་ཆེན་འཇོག་ཐུབ། ད་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་ལོ་དང་། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ80འཁོར་བའི་ལོ་ཡིན། འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་གཙོ་བོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པའི་ཀྲུང་གོ་དང་ཨུ་རུ་སིས་འཛམ་གླིང་དམག་འཁྲུག་ཆེན་པོ་ཐེངས་གཉིས་པར་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ། ལག་གདང་སྦྲེལ་ནས་བཙན་དབང་རིང་ལུགས་དང་བཙན་དྲག་གི་ཆབ་སྲིད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ཏེ། སྔར་ལས་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། ངས་ཙུང་ཐུང་ཕུའུ་ཅིང་དང་མཉམ་དུ། ཕྱོགས་གཉི་གའི་འབྲེལ་བ་དང་དངོས་གཉེར་མཉམ་ལས། དེ་བཞིན་མཉམ་དུ་དོ་ཁུར་བྱེད་ཀྱིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་འབྲེལ་གཏུག་དམ་ཟབ་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་པའི་རེ་ལྟོས་འཆང་བཞིན་ཡོད་ལ། རྒྱལ་ཁབ་མང་པོའི་མགོ་ཁྲིད་པ་དང་ཨུ་རུ་སིའི་མི་དམངས་དང་མཉམ་དུ། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་དྲན་གསོ་གང་ལེགས་བྱས་ཏེ། རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་ལ་སྲུང་སྐྱོབ་བྱེད་པའི་དུས་རབས་ཀྱི་བདེན་གཏམ་ཟོལ་མེད་མཉམ་དུ་ངག་ནས་འདོན་ཐུབ་པའི་རེ་ལྟོས་བྱེད་ཀྱིན་ཡོད་ཅེས་གསུངས།

ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ཏུ་བསྡད་དེ་དམིགས་སར་འབྱོར།

ཨུ་རུ་སིར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲང་ཧན་ཧུའེ་ཡང་གནམ་ཐང་དུ་ཡོང་ནས་བསུ་མ་ཞུས།

བན་དེ་སྐྱབས་ཀྱིས་བསྒྱུར།