ཞི་ཅིན་ཕིང་གིས་ཏན་མག་ཚོང་ཚོགས་ཀྱི་འགན་ཁུར་པར་འཕྲིན་ལན་བསྐུར།
2025.05.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏན་མག་ཚོང་ཚོགས་ཀྱི་འགན་ཁུར་པར་འཕྲིན་ལན་བསྐུར་ནས ཀྲུང་གོ་དང་ཏན་མག་ཚོང་ཚོགས་དང་དེའི་ཁོངས་གཏོགས་ཁེ་ལས་ཀྱིས་ཀྲུང་གོ་དང་ཏན་མག་བར་དང་། ཀྲུང་གོ་དང་ཡོ་རོབ་བར་གྱི་མཛའ་བརྩེ་གཏིང་ཟབ་ཏུ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་བྱས་རྗེས་གསར་པ་འཇོག་རྒྱུའི་སྐུལ་མ་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། འཕྲིན་ཡིག་ལས་ཁྱེད་ཀྱིས་ཀྲུང་གོར་བཅངས་པའི་བརྩེ་བ་ཟབ་མོ་དང་ཏན་མག་གི་ཀྲུང་གོར་ཡོད་པའི་ཁེ་ལས་ཀྱིས་ཀྲུང་གོའི་མ་འོངས་འཕེལ་རྒྱས་ལ་བཅངས་པའི་ཡིད་ཆེས་ཚོར་བྱུང་བས། ངས་དེར་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་གོ་ནམ་ཡིན་ཡང་ཕྱི་ཕྱོགས་ཚོང་དོན་གྱི་བདེ་འཇགས་ཀྱི་དངུལ་གཏོང་བྱ་ཡུལ་བཟང་པོ་ཡིན་པ་དང་། ཀྲུང་གོར་ཡིད་ཆེས་བྱེད་པ་ནི་མ་འོངས་པར་ཡིད་ཆེས་བྱེད་པ་དང་།   ཀྲུང་གོར་མ་དངུལ་གཏོང་བ་ནི་མ་འོངས་པར་མ་དངུལ་གཏོང་བ་ཡིན། ཀྲུང་གོ་ཏན་མག་ཚོང་ཚོགས་དང་ཁོངས་གཏོགས་ཁེ་ལས་ཀྱིས་ཀྲུང་གོ་དང་ཏན་མག་དང་། ཀྲུང་གོ་དང་ཡོ་རོབ་བར་གྱི་བྱེད་ནུས་གཙོ་བོ་ལེགས་པར་བཏོན་ནས། ཀྲུང་གོ་དང་ཏན་མག་དང་། ཀྲུང་གོ་དང་ཡོ་རོབ་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་གཏིང་ཟབ་ཏུ་གཏོང་བ། ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་སྟོབས་ཤུགས་འབུལ་དགོས།

ཉེ་སྔོན་ཀྲུང་གོ་ཏན་མག་ཚོང་ཚོགས་ཀྱི་འགན་ཁུར་པས་མི་སྒེར་དང་ཚོང་ཚོགས་ཀྱི་མིང་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། ཀྲུང་གོ་དང་ཏན་མག་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུས་ལ། ཀྲུང་གོའི་བར་གྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུའི་བསམ་འདུན་མཚོན་པར་བྱས།

ཤ་བོ་རིན་མཚོས་བསྒྱུར།