སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དབང་པོ་སྐྱོན་ཅན་རོགས་རམ་ཉིན་མོ་ཐེངས་སོ་ལྔ་པ་སླེབས་ལ་ཉེ་བའི་སྐབས་སུ་གནང་བའི་མཛུབ་སྟོན་གལ་ཆེན་ལ་ཚུར་སྣང་ཆེན་པོ་བྱུང་།
2025.05.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་དབང་པོ་སྐྱོན་ཅན་རོགས་རམ་ཉིན་མོ་ཐེངས་སོ་ལྔ་པ་སླེབས་ལ་ཉེ་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ། དབང་པོ་སྐྱོན་ཅན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ལ། ལྷག་པར་དུ་ལྟ་སྐྱོང་དང་དོ་སྣང་བྱེད་དགོས་པའི་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱི་ཞིག་ཀྱང་ཡིན། རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱིས་རང་སྟོབས་སྒོས་དཔེ་བཟང་གི་སྟེང་ནས་ལས་བསམ་པའི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། དཔའ་ངར་ཆེན་པོས་དཀའ་ངལ་དང་འགྲན་སློང་ཅི་རིགས་ཁྱད་སེལ་བྱས་ནས། མི་ཚེའི་ཕུགས་འདུན་འབད་པས་དོན་གཉེར་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་། རྒྱ་ཆེའི་དབང་པོ་སྐྱོན་ཅན་དང་དབང་པོ་སྐྱོན་ཅན་ལས་གཉེར་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐྱོད་ལམ་གསར་པའི་སྟེང་དུ། འབད་འབུངས་ཧུར་སྐྱེད་ཀྱི་བསམ་པ་བཟུང་ནས། ཕུགས་འདུན་དོན་གཉེར་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱོད་ལམ་གསར་པའི་སྟེང་དུ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས། དབང་པོ་སྐྱོན་ཅན་གྱི་འདྲ་མཉམ་ཁེ་དབང་ལ་འགན་ལེན་ནན་མོ་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལ་བརྩེ་དྲོད་ཟབ་མོ་དང་ནང་སྙིང་ཆེན་པོ་ལྡན་པར་བརྟེན། མི་སེམས་ལ་ཡར་སྐུལ་གྱི་ནུས་པ་ཆེན་པོ་འདོན་ཐུབ་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། རིམ་པ་སོ་སོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་རྩ་འཛུགས་དང་རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱི་བྱ་བ་སྒྲུབ་མཁན་བཅས་ལ་དབང་པོ་སྐྱོན་ཅན་གྱི་ལས་དོན་མུ་མཐུད་ལེགས་པར་བསྒྲུབ་དགོས་པའི་ཐད་ནས་བླང་བྱ་ཁ་གསལ་བཏོན་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། དབང་པོ་སྐྱོན་ཅན་རྣམས་ལ་མཐུན་སྒྲིལ་སྣེ་ཁྲིད་དང་རྒྱབ་སྐྱོར་རོགས་རམ་བྱས་ནས། སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྲུན་རྒྱུ་ཡིན་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱིས་རང་སྟོབས་སྒོས་དཔེ་བཟང་གི་སྟེང་ནས་བསམ་པའི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། ངར་ཤུགས་ཆེན་པོས་དཀའ་ངལ་དང་འགྲན་སློང་ཅི་རིགས་ཁྱད་སེལ་བྱས་ནས། མི་ཚེའི་ཕུགས་འདུན་དོན་གཉེར་གང་ལེགས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཆེན་པོ་འཇོག་དགོས་པའི་ཐུགས་རེ་བཏོན། ཚང་མས་སྐྱོད་ལམ་གསར་པའི་སྟེང་དུ། མུ་མཐུད་ཕུགས་འདུན་དོན་གཉེར་བྱས་ཏེ། དུས་རབས་ལ་ངོ་གནོང་མི་དགོས་ཞིང་ངོ་མཚར་ཆེ་བའི་མི་ཚེའི་ཕུགས་འདུན་དོན་སྨིན་འབྱུང་བར་རྩེ་གཅིག་ཏུ་འབད་རྒྱུ་ཡིན་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།