ཞི་ཅིན་ཕིང་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་རྗེས་ཕྱིར་པེ་ཅིང་དུ་ཕེབས།
2025.06.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་རྗེས་ཕྱིར་པེ་ཅིང་དུ་ཕེབས། 

ས་དེའི་དུས་ཚོད་ཟླ6པའི་ཚེས18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་རྗེས་ཕྱིར་པེ་ཅིང་དུ་ཕེབས། 

ས་དེའི་དུས་ཚོད་ཟླ6པའི་ཚེས18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་རྗེས་ཕྱིར་པེ་ཅིང་དུ་ཕེབས། 

གནམ་གྲུ་ཐང་དུ་ཕེབས་པའི་ལམ་བར་དུ། ཀྲུང་གོ་དངུལ་གཏོང་ཁེ་ལས་དང་ཕྱི་འགྲིམ་སློབ་མའི་འཐུས་མིས་ལམ་གྱི་འགྲམ་གཉིས་ནས་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུགས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་བདེ་བླག་ངང་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་པར་རྟེན་འབྲེལ་ཞུས།

ཨ་སི་ཐ་ན་དང་ཞལ་གྱེས་སྐབས། ཧ་སག་སི་ཐན་གྱི་སྲིད་འཛིན་ཐའོ་ཁ་ཡའེ་ཧྥུའུ་ཡིས་སྲིད་འཛིན་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཏ་ཅེ་པའེ་དང་། ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ནུའུ་ཨར་ཐི་ལིའེ་ཝུའུ། སྲིད་འཛིན་ཀྱི་ཕྱི་དོན་བློ་འདོན་པ་ཁཱ་ཅི་ཧན། ཨ་སི་ཐ་ན་གྲོང་ཁྱེར་གྱི་འགོ་གཙོ་ཁ་སི་མུའུ་པིའེ་ཁི་སོགས་མཐོ་རིམ་དཔོན་རིགས་ཀྱི་སྣེ་ཁྲིད་དེ་གནམ་གྲུ་ཐང་དུ་ཡོང་ནས་སྐྱེལ་མ་བྱས།

ཞི་ཅིན་ཕིང་བཞུགས་པའི་གནམ་གྲུ་འཕུར་རྗེས། ཧ་སག་སི་ཐན་གྱི་མཁའ་དམག་དམག་འཐབ་གནམ་གྲུས་སྲུང་སྐྱེལ་བྱས།