སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཅིག་པར་འགོ་འཛིན་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་ཀུན་གྱིས་དོ་སྣང་ཆེན་པོ་ཐོབ།
2025.07.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

“བདུན་གཅིག”སྔ་རོལ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཅིག་པར་འགོ་འཛིན་མཛད་སྐབས་གསུང་བཤད་གལ་ཆེན་གནང་སྟེ། ང་ཚོའི་ཏང་གིས་སྐྱོད་ལམ་གསར་པའི་སྟེང་ཏང་གི་རང་ངོས་གསར་བརྗེ་མུ་མཐུད་ནས་སྤེལ་བར་ཁ་ཕྱོགས་གསལ་བོ་བསྟན། ས་གནས་སོ་སོའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་དང་། དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེ་བླང་བྱ་རང་རྟོགས་ངང་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་དྲང་ནུས་ཆེན་པོ་གཅིག་སྡུད་བྱེད་དགོས་པའི་བསམ་པ་བསྟན།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལས་འགན་ཧ་ཅང་ལྕི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་སྤྱོད་སྟངས་འཛིན་པ་ནས་འགོ་བརྩམས་ཏེ་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་བླང་བྱ་མུ་མཐུད་ནས་དོན་འཁྱོལ་བྱེད་པར་ཁ་ཕྱོགས་གསལ་བོ་བསྟན། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས་རང་ངོས་གསར་བརྗེའི་འགན་འཁྲི་རང་རྟོགས་སྒོས་འཁུར་བ་དང་། རང་ངོས་གསར་བརྗེ་ཏན་ཏན་ཏིག་ཏིག་སྒོས་བསྒྲུབ་དགོས་པའི་བསམ་པ་བསྟན།

ཀན་སུའུ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གི་ཀྲུའུ་རིན་གཞོན་པ་ཞུའེ་ཐའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས“རྒྱུན་འཁྱོངས་ལྔ”ཡི་ཐད་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་བྱེད་ཐབས་ཉམས་མྱོང་སྤྱི་བསྡོམས་བྱས་ཡོད་ཅིང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅིའི“ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་འཛིན་པའི”མཛུབ་སྟོན་བླང་བྱ་དོན་འཁྱོལ་མཐར་ཕྱིན་བྱས་ནས། བྱེད་ཐབས་ནན་མོར་བརྟེན་ནས་དུས་རྒྱུན་དམ་འཛིན་དང་ཡུན་རིང་དུ་འཛིན་དགོས། སྒྲིག་ཁྲིམས་ལག་བསྟར་ནན་མོར་བརྟེན་ནས། “སྤྱོད་ངན་བཞི”ཡོ་བསྲང་དང་བཅོས་སྐྱོང་བྱས་ཏེ། གཟབ་ནན་གྱི་རྣམ་པ་བསྐྲུན་པ་དང་སྤྱོད་སྟངས་བཟང་པོ་གྲུབ་པར་བྱེད་དགོས་ཟེར།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་ལས་ཁུངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡུན་ཝེ་ཡིས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ང་ཚོའི་ཏང་གིས་རང་ངོས་གསར་བརྗེ་ལ་བཟུང་བའི་ཆོས་ཉིད་རང་བཞིན་གྱི་ངེས་ཤེས་སྔར་ལས་ཇེ་ཟབ་ཏུ་བཏང་བ་དང་། ཏང་གི་རང་ངོས་གསར་བརྗེའི་དགོངས་པ་གལ་ཆེན་སྔར་ལས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ཡོད་ཅིང་། ང་ཚོའི་བློ་རིག་ཇེ་གསལ་དང་གོ་རྟོགས་སྔར་ལས་ཡངས་པར་བྱས་ཡོད་ལ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་མཛུབ་སྟོན་དུ་འཛིན་པ་དང་། སྒྲིག་ཁྲིམས་ཇེ་དམ་དང་ཏང་གཤིས་ཇེ་དྲག་གཉིས་ཟུང་འབྲེལ་ནན་མོ་བྱེད་པ། སྤྱོད་སྟངས་ལེགས་བཅོས་དང་དངོས་སྒྲུབ་ཕན་ཚུན་ཟུང་འབྲེལ་བྱས་ནས། ཏང་ཡོན་ལས་བྱེད་པས་དམངས་ལ་བདེ་སྐྱིད་བསྐྲུན་པའི་གོ་རིམ་ཁྲོད་ཀུན་སྤྱོད་ཀྱི་གོ་རྟོགས་ཇེ་མཐོར་གཏོང་བ་དང་འགན་འཁྲི་ཕྲག་ཏུ་འཁུར་དགོས་ཟེར།

ཧྥུའུ་ཅན་ཞིང་ཆེན་ཏུང་ཧྲན་རྫོང་ཞི་ཕུའུ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ དབྱང་ཡུས་ཧྥན་གྱིས་བཤད་རྒྱུར། གཞི་རིམ་གྱི་ཏང་ཡོན་ལས་བྱེད་ཅིག་ཡིན་པའི་ཆ་ནས། ང་ཚོ་མང་ཚོགས་ལ་ཞབས་འདེགས་ཞུ་སའི་ལས་རིམ་དང་པོ་རུ་ཡོད། ང་ཚོའི་སྤྱོད་སྟངས་ཀྱིས་མང་ཚོགས་ཀྱི་སེམས་ནང་དུ་གནས་པའི་ཏང་གི་སྣང་བརྙན་ལ་ཐད་ཀར་ཤུགས་རྐྱེན་ཐེབས་བཞིན་ཡོད། ང་ཚོས་ཕུགས་བསམ་དད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཏང་གཤིས་བློ་སྦྱོང་ལ་ཤུགས་བསྣན་ནས། སྤྱོད་གཙང་རང་གཅུན་དང་འགན་འཁྲི་ཕྲག་ཏུ་འཁུར་ཕོད་པར་བྱེད་དགོས། མང་ཚོགས་ཀྱིས་གླེང་ཐེངས་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་ཧུར་ཐག་སྒོས་ཐག་གཅོད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་དགོས་ཟེར།

བྲེལ་དཀའ་འཕྲལ་སྒུག་ཁྲོད་ནས་ཉམས་སད་ཐེག་ཐུབ་པའི་སྤྱོད་སྟངས་སྦྱོང་བརྡར་བྱེད་དགོས། བསྟུད་མར་ཉིན་འགའི་རིང་། ཀོས་ཀྲིག་རོང་ཅང་དུ། ཏང་ཡོན་ལས་བྱེད་ཉིས་ཁྲི་ལྷག་གིས་ཞོད་འགོག་རྒུད་སྐྱོབ་དང་གནོད་ཤུལ་བསྐྱར་སྐྲུན་གྱི་ལམ་རིམ་དང་པོ་བརྟན་སྲུང་བྱས་ཡོད། བཙོག་སེལ་གེགས་སེལ་བྱ་བ་མྱུར་ཏུ་སྒྲུབ་ནས་མང་ཚོགས་ཀྱིས་ཐོན་སྐྱེད་འཚོ་བ་སླར་གསོ་བྱེད་རོགས་བྱས།

ཀོས་ཀྲིག་ཞིང་ཆེན་རོང་ཅང་རྫོང་ཏང་ཨུའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལིས་ཧུང་ཁྲང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གཤིས་ཇེ་དྲག་ཏུ་གཏོང་བར་གཙོ་བོ་ཕུགས་བསམ་དད་སེམས་ཇེ་བརྟན་དུ་གཏོང་བར་རག་ལས་ཡོད་ཅིང་། ཏང་ལ་བློ་དཀར་བ་དང་དམངས་ལ་བཅངས་པའི་བརྩེ་བ་ཇེ་དྲག་ཏུ་གཏོང་བ། ཀུན་སྤྱོད་གཤིས་རྒྱུད་ཇེ་ལེགས་སུ་གཏོང་བ། སྲིད་གཙང་དྲང་གཞག་གི་རྒྱུན་སྐྱོང་དགོས་ཞེས་གདམས་ཡོད། ད་ལྟ་ང་ཚོ་གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་ལས་རིམ་ཁྲོད་ངང་གིས་ཞུགས་ཡོད། ང་ཚོ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་སྔོན་ལ་མཆོང་ནས་དཀའ་ཚེགས་དང་ཉེན་ཁ་ཆེ་ཤོས་ཀྱི་ལས་འགན་ཁྲོད་ཏང་གཤིས་སྦྱོང་བརྡར་བྱེད་དགོས་ལ། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་ལེགས་པོ་བྱེད་དགོས། ཉིང་ཞ་ཞིས་ཅི་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུའི་ཧྲུའུ་ཅི་གཞོན་པ་མཱ་ཞུའེ་ཆིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བར་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་ནན་མོ་བྱེད་པ་དང་། སྤྱོད་སྟངས་དེ་དམངས་ཀྱི་བློ་ཁ་ཕྱོགས་མིན་དང་འབྲེལ་བ་ཡོད་པས་ངེས་པར་དུ་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་པའི་དམིགས་འབེན་ལ་དམ་པོར་དམིགས་པ་དང་། སྲིད་ཇུས་དོན་འཁྱོལ་བྱེད་པའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་རྒྱུར་འགན་ལེན་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྲུན་གྱི་ཡུན་ཕན་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་སྟངས་དང་རུལ་སུངས་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱ་རྒྱུ་དེ་རྒྱུན་རྣམ་ཅན་དུ་གྱུར་ནས། དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་བཤད་གནང་།

ཧྲིན་ཀྲེན་གྲོང་ཁྱེར་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གི་ཀྲུའུ་རིན་གཞོན་པ་ལིའོ་པི་ཧུང་གིས་བཤད་རྒྱུར། ང་ཚོས་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ“གནད་འགག་ཉུང་ཤས”ཀྱི་སྤྱོད་སྟངས་ལ་ལྟ་སྐུལ་ལེགས་པོ་བྱེད་དགོས། བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད་པའི་རྣམ་འགྱུར་བཟུང་ནས། “སྤྱོད་ངན་བཞི”ཡོ་བསྲང་དང་བཅོས་སྐྱོང་བྱས་ཏེ། དུས་མཚུངས་སུ། བསམ་བློའི་སློབ་གསོར་ཤུགས་སྣོན་པ་དང་ལམ་ལུགས་ཀྱི་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ། སྲོལ་གསར་དང་སྤྱོད་བཟང་དར་སྤེལ་གཏོང་བ་སོགས་ཀྱི་ཐད་འབད་བརྩོན་སྔར་ལས་ཆེན་པོ་བྱས་ཏེ། སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་དང་རྒྱུན་མཐུད་ཤུགས་སྣོན། ཡུན་རིང་ལྷོད་མེད་ཡོང་བར་བཅས་བྱེད་དགོས་ཟེར།

མིག་སྔར།  ས་གནས་ཁག་དང་སྡེ་ཁག་སོ་སོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་ཟབ་སྤེལ་གཏོང་བཞིན་ཡོད། ཚང་མས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། སློབ་སྦྱོང་སློབ་གསོར་མགོ་རྔ་ཡོད་པ་དང་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས་ཟེར།

རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཏང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲང་ཏུང་ཧྲིན་གྱིས་བཤད་རྒྱུར། ང་ཚོས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བཟུང་ནས། ཏང་ཡོན་ལས་བྱེད་པར་སློབ་གསོ་དང་དོ་དམ། ལྟ་སྐུལ་བཅས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་ཞིབ་འཇུག་དང་གཏན་འབེབས་བྱས་ཤིང་། དེའི་དམིགས་ཡུལ་ནི་ཏང་ཡོན་ལས་བྱེད་པས་རང་ངོས་གསར་བརྗེ་བྱེད་ཕོད་པ་དང་། གཞི་རྩ་ཇེ་བརྟན་དང་ཏང་གཤིས་ཆེ་རུ་བསྐྱེད་ཐུབ་པའི་ཆེད་ཡིན། གོ་རིམ་རྗེས་མར། ང་ཚོས་སློབ་སྦྱོང་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས། ཏང་གཤིས་བརྟན་པོ་དང་སྤྱོད་སྟངས་བཟང་པོར་བརྟེན་ནས་འཕེལ་རྒྱས་དང་བཅོས་སྒྱུར་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝའེ་ཏུང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱོད་སྟངས་དམ་འཛིན་ནས་འགོ་བཙུགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་ཉམས་མྱོང་གལ་ཆེན་ཞིག་ཡིན།  འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། སྤྱོད་ལམ་ལེགས་བསྒྱུར་གྱི་ཕན་འབྲས་གསར་པར་བརྟེན་ནས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས་ཟེར།

པེ་ཅིང་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་སྒོས་ལས་དོན་ལ་དོ་དམ་བྱེད་པའི་པུའུ་ཀྲང་གཞོན་པ་ལིས་ཧྲི་ཞིན་གྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱས་ནས་བསམ་བློའི་ངོས་ནས་བཅོས་སྒྱུར་བྱས་པ་དང་།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ཡུན་རིང་ནུས་ལྡན་གྱི་འགྱུར་མེད་སྒྲིག་ལམ་དང་ཚད་གཞི་ཡིན་པར་ངོས་འཛིན་ཟབ་མོ་བྱེད་པ།  སྤྱོད་སྟངས་ཇེ་ལེགས་སུ་གཏོང་བའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། འགུལ་སྐྱོད་དངོས་ལ་བརྟེན་ནས“གཏན་ཕབ་གཉིས”ལ་བརྩི་བཀུར་དང་“སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་དགོས།