སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་ལ་ས་གནས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས།
2025.09.12 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་ལ། ས་གནས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས། ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། དཀའ་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་ཁྲོད་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་པ། རླབས་ཆེ་བའི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སྔར་ལས་འབད་འབུངས་ཡར་བརྩོན་གྱི་ཉམས་འགྱུར་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རླབས་ཆེན་ལག་ལེན་ཁྲོད་ཞུགས་ཏེ། སྟོབས་ལྡན་རྒྱལ་ཁབ་བསྐྱར་དར་གྱི་ལེའུ་གསར་པ་མཉམ་དུ་རྩོམ་དགོས། རྒྱལ་ཁབ་ཀྱི་མཛད་སྒོ་ཆེན་མོ་ནི་བརྗིད་ཉམས་ལྡན་པ་ཞིག་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་གི་འོད་སྟོང་འབར་བའི་ལོ་རྒྱུས་ལམ་བུར་ཕྱིར་དྲན་གནང་སྟེ། ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཡིད་ལ་བརྟན་པོར་འཛིན་པ་དང་སྔོན་གཤེགས་དཔའ་བོར་རྗེས་དྲན། ཞི་བདེར་གཅེས་སྤྲས། མ་འོངས་གསར་བསྐྲུན་བཅས་ཀྱི་ལངས་ཕྱོགས་བརྟན་པོ་གསལ་སྟོན་གནང་།  སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེ་འབྲི་ཆུའི་ལྷོ་བྱང་ཀུན་ལ་ཁྱབ་པ་དང་། མི་རྣམས་ལ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་འདེད་བཏང་།

ཞིན་ཅང་ཁ་ཧྲི་གྲོང་ཁྱེར་ཝུའུ་སི་ཐང་པོ་དབྱི་སྲང་ལམ་ཀུའུ་ཀྲ་མཁར་སྡེའི་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཙུའུ་མུའུ་རེ་ཐི་ཀུའུ་ལི·ཨ་པུའུ་ལའེ་ཐི་ཡིས་བཤད་རྒྱུར། མེས་རྒྱལ་སྟོབས་འབྱོར་ལྡན་པ་ནི་ང་ཚོའི་གདེང་ཚོད་ཆེ་ཤོས་ཡིན་པའི་མྱོང་ཚོར་ཟབ་མོ་སྐྱེས་བྱུང་། ལོ་འདི་དག་ལ། གྲོང་ཁྱེར་གྱི་རྨང་གཞིའི་འཛུགས་སྐྲུན་ཇེ་བཟང་དང་འགྲིམ་འགྲུལ་ཕྱིར་བསྐྱོད་སྔར་ལས་སྟབས་བདེ་གྱུར་ཡོད་པས། ང་ཚོའི་སྐྱིད་སྣང་དང་ཐོབ་སྣང་། བདེ་སྣང་བཅས་ཚང་མ་མཐོར་འདེགས་ཆེན་པོ་བྱུང་། འདི་དག་ཚང་མ་ཏང་གི་འགོ་ཁྲིད་དང་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ཏེ། མི་རིགས་སོ་སོའི་མང་ཚོགས་དང་མཉམ་དུ་ཞིན་ཅང་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་ཟེར།

བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་གི་འཐབ་མོ་བ་རྒན་པ། དབྱང་ཧྭ་ཧྥེང་གིས་བཤད་རྒྱུར། ང་ཚོའི་རྒྱལ་ཁབ་སྟོབས་དང་ལྡན་པར་འཕེལ་རྒྱས་བྱུང་ན། ང་ཚོས་རྒྱལ་ཁབ་གང་ལ་ཡང་གཏན་ནས་བཙན་འཛུལ་མི་བྱེད་པ་དང་། རྒྱལ་ཁབ་གཞན་གྱིས་ཀྱང་ཀྲུང་གོར་གཏན་ནས་བཙན་འཛུལ་བྱེད་དུ་མི་འཇུག  ངས་ཀྲུང་གོ་གུང་ཁྲན་ཏང་རླབས་ཆེན་ཡིན་པ་ཚོར་ཞིང་།  རྒྱལ་ཁབ་གོང་འཕེལ་བྱུང་བ་སྔར་ལས་ལེགས་པ་དང་སྔར་ལས་མགྱོགས་ན། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་ཞིང་སྐྱིད་པོ་ཡོང་ངེས།

ནང་སོག་ཞིང་ཨན་མོང་ཁུ་ཡིའུ་ཆན་རྫོང་ཐེ་མོན་ཀ་ཁྲ་ཡི་ཕྱུག་འགྱུར་སྣེ་ཁྲིད་པ་ཝང་གོ་ཞང་གིས་བཤད་རྒྱུར། རྒྱལ་ཁབ་ཀྱིས་མངོན་པའི་སྟོབས་ཤུགས་ཆེན་པོ་དང་ཞི་བདེའི་ཆོད་སེམས་ནི། ང་ཚོས་ངར་ཤུགས་གཅིག་སྒྲིལ་གྱིས་ཐོན་སྐྱེད་འཕེལ་རྒྱས་གཏོང་བ་དང་། བདེ་སྐྱིད་འཚོ་བ་བསྐྲུན་པའི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡིན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་། ང་ཚོ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་མ་གཏོང་བཞིན་ཡོད། དུས་རབས་འཕེལ་རྒྱས་ཀྱི་ཁེ་ཕན་རེག་མཁན་ཞིག་ཡིན་པའི་ཆ་ནས། ངས་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། འབྲོག་པའི་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱ་རྒྱུ་ཡིན་ཟེར།

ཉིན་འདི་དག་གི་རིང་། གདན་ཞུས་ལྟར་པེ་ཅིང་དུ་དམག་གཟིགས་ལ་ཕེབས་པའི་ས་གནས་སོ་སོའི་འཐུས་མི་གཅིག་རྗེས་གཉིས་མཐུད་དུ་ཕ་ཡུལ་དུ་ལོག་ནས་བྱ་བའི་ནང་ཞུགས། ཧུའུ་ནན་རུའུ་ཁྲེང་གི་ཧྲ་ཀྲོའུ་སྡེ་བ་དང་། ཀོང་ཞི་ལིའུ་ཀྲོའུ་ཡི་ཐོན་སྐྱེད་འཁོར་ཁང་དུ། འཐུས་མི་ཚོས་ཚང་མ་དང་མཉམ་དུ་རང་ཉིད་ཀྱིས་ཡུལ་དངོས་སུ་དམག་གཟིགས་ལ་བལྟས་པའི་མྱོང་ཚོར་དང་དགའ་སྤྲོ་ཁ་བརྡ་བྱས།

ཀོང་ཞི་རླངས་འཁོར་སྡེ་ཚོགས་ཀྱི་དབུ་བཞུགས་རྩལ་ནུས་ཆེད་མཁས་པ།  ཀྲིན་ཀྲི་མེན་གྱིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་པས། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་ཀྱིན་མེད།   དུས་རབས་གསར་པའི་རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་ཞིག་ཡིན་པའི་ཆ་ནས།   ངས་བཟོ་བོའི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་དུ་གཏོང་རྒྱུ་ཡིན་པ་དང་། ལས་གནས་སུ་རྐང་བཙུགས་ཏེ།   སྔོན་ཐོན་གྱི་ཤེས་བྱ་དང་ལག་རྩལ་སྔར་ལས་མང་པོར་སློབ་སྦྱོང་བྱས་ནས།   ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ མངོན་འགྱུར་བྱེད་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ཧུའུ་ནན་རུའུ་ཁྲེང་རྫོང་ཧྲ་ཀྲོའུ་ཡའོ་རིགས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི།   ཀྲུའུ་ཞང་ཆོན་གྱིས་བཤད་རྒྱུར། ང་ཚོ་གཞི་རིམ་ལས་བྱེད་པར་སྐུལ་ལྕག་དང་ངར་ཤུགས་ཐེབས་ཡོད་པས། ང་ཚོའི་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་། གྲོང་གསེབ་དར་སྤེལ་གྱི་འཛུགས་སྐྲུན་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཏེ། སྔོན་གཤེགས་དཔའ་བོ་རྣམས་ཀྱི་དགྲ་བོར་མི་སྐྲག་པ་དང་དཔའ་ངར་ཆེན་པོས་འབད་འཐབ་བྱེད་པའི་སྙིང་སྟོབས་དེ་ལས་སྒྲུབ་ལས་སྐྲུན་གྱི་བྱ་སྤྱོད་དངོས་སུ་བསྒྱུར་ནས།  ཡུལ་མི་ཚོའི་ཡོང་སྒོ་འཕར་བའི་ཐབས་ལམ་མུ་མཐུད་དུ་རྒྱ་བསྐྱེད་དེ།  གྲོང་གསེབ་སྔར་ལས་བདེ་སྡོད་དང་སྔར་ལས་མཛེས་སྡུག་ལྡན་པར་གཏོང་རྒྱུ་ཡིན་ཟེར།

སྒོ་འབྱེད་མདུན་གྲལ་ནས་ཚན་རིག་ཞིབ་འཇུག་ཁང་གི་གསར་གཏོད་བར་དང་། སློབ་ཆེན་སློབ་གླིང་ནས་གཙོ་གནད་ལས་གཞི་འཛུགས་སྐྲུན་བྱ་ཡུལ་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཚང་མར་དུས་རབས་གསར་པར་རླབས་ཆེ་བའི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་སྔར་ལས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པའི་སྐུལ་ལྕག་ཐེབས། རང་འཁྲིའི་བྱ་བ་ལེགས་པོ་སྒྲུབ་པའི་ཁྲོད་ཐོག་མའི་སེམས་འདུན་དང་འགན་འཁྲི་ལག་བསྟར་གྱི་ཁག་ཁུར་ནམ་ཡང་ཉམས་མི་རུང་།

ཧྲའན་ཞི་ཆིན་ཁྲུང་ཡོན་གྱི་སྔོན་ཐོན་བཟོ་སྐྲུན་གསོ་སྦྱོང་ལས་སྟེགས་ཀྱི་ཞིབ་འཇུག་པ་ཝུའུ་ཡན་གྱིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ང་ཚོའི་རྗེས་ཕྱོགས་ཀྱི་བྱ་བའི་ཐད་ཀྱི་ཡིད་ཆེས་དང་ངར་ཤུགས་སྔར་ལས་ཇེ་ཆེར་བཏང་།   ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་གྱི་ལམ་དུ། ང་ཚོས་ངེས་པར་དུ་སྙིང་རུས་ཆེན་པོས་གསར་གཏོད་བྱེད་རྒྱུ་དེ་ཐོན་སྐྱེད་ལས་རིམ་རེ་རེ་དང་སྒྲིག་ཆས་ཆ་ཚང་རེ་རེ།  ཚབ་རྟགས་རེ་རེ་བཅས་སུ་འདྲེས་པར་བྱ་དགོས་ཤིང་།  སྤུས་ཚད་མཐོ་བའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་སྔར་ལས་མང་པོ་སྤྱད་དེ། ཀྲུང་གོའི་བཟོ་སྐྲུན་མུ་མཐུད་དུ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཞུང་ཨན་རྒྱལ་ཁབ་ཉོ་ཚོང་ལྟེ་གནས་ཀྱི་ལས་གཞིའི་འགན་ཁུར་པ་ཧྥུའུ་ཞིན་གྱིས་བཤད་རྒྱུར། ལོ་རྒྱུས་ཡིད་ལ་བརྟན་པོར་འཛིན་པ་ནི་སྔར་ལས་ལེགས་པའི་སྒོ་ནས་མ་འོངས་པ་བསྐྲུན་ཆེད་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་བརྩོན་པ་ལྷུར་ལེན་དང་སྤོབས་པས་མདུན་སྐྱོད་བྱེད་པའི་ཐུགས་རེ་བཏོན། ཞུང་ཨན་ཁུལ་གསར་གྱི་འཛུགས་སྐྲུན་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་བྱ་བ་སོ་སོ་ཕྱོགས་ཡོངས་ནས་སྐས་རིམ་གསར་པ་དང་ཚད་གཞི་མཐོན་པོ། སྤུས་ཚད་མཐོན་པོས་སྒྲུབ་སྟེ། ཞུང་ཨན་ཁུལ་གསར་གྱི་མ་འོངས་གྲོང་ཁྱེར་འདི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲོང་ཁྱེར་ཞིག་ཏུ་འབད་པས་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཟེར།

ཧྲིན་ཀྲིན་གྲོང་ཁྱེར་ཆན་ཧའེ་དོ་དམ་ཅུའུ་འཕེལ་རྒྱས་བཅོས་བསྒྱུར་ཁྲུའུ་ཡི་ཁྲུའུ་ཀྲང་། ཆིན་དབྱིན་གྱིས་བཤད་རྒྱུར། ང་ཚོས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་ནས། རླབས་ཆེ་བའི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་བ་དང་། རྒྱལ་ཡོངས་སུ་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་སྐུལ་སྤེལ་བྱེད་པ། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེན་མོ་འཛུགས་སྐྲུན་བྱེད་པའི་ཁྲོད་སྔར་ལས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་དགོས་ཟེར།

ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་ལ་འགོག་ཐབས་མེད། ཚང་མས་བསྟན་དོན། འཐབ་ལམ་གསར་པའི་སྟེང་།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། རླབས་ཆེན་གྱི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་དེ་དམ་པ་དོན་གཉེར་དང་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལེའུ་གསར་པ་རྩོམ་དགོས།

ཀྲེ་ཅང་ཅ་ཞིང་གི་གྲོང་མི་མའོ་ཞུས་ཁྲའོ་ཡིས་བཤད་རྒྱུར། དམག་གཟིགས་ཁྲོད་ཆ་འཕྲིན་རོགས་སྐྱོར་དམག་དཔུང་དང་དྲ་རྒྱའི་བར་མཐོངས་དམག་དཔུང་སོགས་ངོ་བོ་གསར་པའི་དམག་འཐབ་སྟོབས་ཤུགས་བྱུང་ཡོད་ལ། དེ་ལས་དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་གི་རླབས་ཆེན་གྲུབ་འབྲས་གསལ་བཤད་གང་ལེགས་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་ནི་འགོག་ཐབས་བྲལ་བ་ཞིག་ཡིན་ཞེས་གསུངས། ངས་རང་འཁྲིའི་ལས་གནས་ལ་རྐང་བཙུགས་ནས། གསར་གཏོད་དང་ཐོད་བརྒལ་བརྩོན་ལེན་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་རང་ཉིད་ཀྱི་ལང་ཚོའི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ཅི་ལིན་ཞིང་ཆེན་པའེ་ཧྲན་གྲོང་ཁྱེར་གྱི་ན་གཞོན་དང་བླངས་པ་ཞེ་ཆི་མིང་གིས་བཤད་རྒྱུར། སྔོན་རབས་པ་རྣམས་ཀྱིས་ཁྲག་བཏོན་དམར་འཛིང་བྱས་པས་ད་གཟོད་ད་ལྟའི་ཞི་བདེའི་འཚོ་བ་ཡོད་པ་ཡིན། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཟུང་ནས། རླབས་ཆེ་བའི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། དུས་རབས་གསར་པར་འབད་འཐབ་བྱེད་རྒྱུ་ཡིན་ཟེར།

ནན་ཁའེ་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་གཞོན་པ་མཱ་མོང་ཧྥེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ཕྱོགས་ཡོངས་ནས་གསལ་བཤད་གནང་ཡོད་ལ། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་ཀ་བ་ལྟ་བུའི་ནུས་པ་ནི་ཀྲུང་གོ་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་བླངས་པའི་འགག་རྩ་ཡིན་པར་ཤེས་རྟོགས་ཟབ་མོ་བྱེད་དགོས། ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་འཁྱོག་བཤད་བྱེད་མི་རུང་། ང་ཚོས་སློབ་མ་རྣམས་ཀྱིས་ཡང་དག་པའི་ལོ་རྒྱུས་ལྟ་བ་འཛིན་རྒྱུར་ཁྲིད་སྟོན་བྱས་ཏེ་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་མོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་པ་ཧུར་ཐག་སྒོས་སྐྱེད་སྲིང་བྱེད་དགོས་ཟེར།

ཧའེ་ནན་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་། རང་མོས་ཉོ་ཚོང་གྲུ་ཁའི་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཡུས་ཝུན་ཀྲུང་གིས་བཤད་རྒྱུར།

ལོ་རྒྱུས་ལ་རྗེས་དྲན་བྱེད་སྟངས་ཡག་ཤོས་ནི་རྒྱུན་ཆད་མེད་པར་ལོ་རྒྱུས་གསར་པ་གསར་གཏོད་བྱེད་རྒྱུ་དེ་རེད། མིག་སྔར། ང་ཚོས་ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་དང་གླིང་ཕྲན་ཡོངས་ཀྱི་ཁྲལ་སྡོམ་ལས་གཉེར་ལ་དམིགས་ཏེ་ཆེས་མཐའ་མཇུག་གི་གདོང་མཆོང་བྱེད་བཞིན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། རླབས་ཆེན་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་དེ་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་སུ་བསྒྱུར་དགོས་ལ།  རིམ་ཟབ་བཅོས་བསྒྱུར་གྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དེ་རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྣེ་ཁྲིད་པའི་སྒོ་མོ་གལ་ཆེན་དུ་བསྐྲུན་དགོས་ཟེར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།