ལོ་རྒྱུས་ཀྱིས་འདས་སོང་ཐེག་ལ་འབྱུང་འགྱུར་གྱི་བློ་སྒོ་ཡང་འབྱེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ། ས་གནས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས།
ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ། ལོ་རྒྱུས་དཔེ་གཞིར་འཛིན་པ་དང་ཞི་བདེར་གཅེས་སྤྲས་ཀྱིས་རླབས་ཆེན་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་ཀྱི་སྐུལ་མའི་འོག་སེམས་ཤུགས་གཅིག་སྒྲིལ་དང་བློ་སྟོབས་ཆེན་པོས་མདུན་དུ་སྐྱོད་དེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་རྒྱང་སྐྱོད་ལམ་དུ་སྟོབས་ཤུགས་ཆེར་བསྐྱེད་ཀྱིས་ལེའུ་གསར་པ་རྩོམ་དགོས་པའི་བསམ་པ་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོ་གཟབ་རྒྱས་ངང་འདུ་འཛོམས་བྱས་ཏེ། ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྗེས་དྲན་ཞུ་བའི་དམིགས་ཡུལ་ནི་ལོ་རྒྱུས་མི་བརྗེད་པ་དང་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་པ། ཞི་བདེར་གཅེས་སྤྲས་དང་འབྱུང་འགྱུར་གསར་གཏོད་བཅས་ཀྱི་ཆེད་ཡིན་ཞེས་བསྟན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེ་བརྟན་ཞིང་བརླིང་ལ་སྟོབས་ཤུགས་ལྡན་པར་མ་ཟད། ཀུན་གྱི་སེམས་ཁོངས་སུ་གནས་ཡོད།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་མི་སྒྲོལ་མ་མཚོ་མོས་བཤད་རྒྱུར།
སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ང་ཚོ་ནམ་ཡང་ཏང་གི་རྗེས་སུ་འབྲངས་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་ཇེ་བརྟན་དུ་བཏང་ལ། ད་ལྟ་ང་ཚོ་ཁོད་ཡངས་ཤིང་གསལ་ཡངས་ཆེ་བ། ཆུ་གློག་གཉིས་འཛོམས་ཀྱི་ཁང་པའི་ནང་དུ་སྤར་ནས། བདེ་འཇགས་དང་དྲོ་སྐྱིད་ལྡན་ལ། རེ་བས་ཁེངས་པའི་འཚོ་བ་གསར་པ་རོལ་བཞིན་ཡོད། མ་འོངས་པར་ང་ཚོས་རང་ཉིད་ཀྱི་ཕ་ཡུལ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་འཛུགས་སྐྲུན་བྱས་ཏེ་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་ཐུབ་ངེས་ཡིན།
ཞིན་སི་དམག་གི་འཐབ་མོ་པ་རྒན་པ་ཏིང་ཝའེ་ཞི་ཡིས་བཤད་རྒྱུར།
གནམ་གྲུ་དང་མེ་སྒྱོགས། འཕུར་མདེལ་སོགས་དེ་འདྲ་མང་པོ་ཞིག ད་དུང་སྔོན་ཐོན་མཚོན་ཆ་དང་དམག་རིགས་སོགས་ཤིན་ཏུ་མང་པས། ད་ལྟ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཉིན་རེར་བཞིན་རྣམ་པ་གསར་བ་མངོན།
སྟོང་དཔུང་བརྒྱ་ཡི་གཡུལ་འགྱེད་ཆེན་མོའི་རྗེས་དྲན་ཁང་གི་མགོ་གཙོ་གཞོན་པ་ཆིན་རུའུ་ཡིས་བཤད་རྒྱུར།
སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་གི་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་གནང་བ་དང་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་རྒྱས་བཤད་གཏིང་ཟབ་གནང་ཡོད་པས། ང་ཚོས་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། སྔར་བས་ཡིད་དབང་འགུག་ཤུགས་ལྡན་པའི་ལོ་རྒྱུས་བཤམས་སྟོན་བྱས་ནས། ལྟད་མོ་བ་རྣམས་ལ་དཀའ་སྡུག་ནས་འོད་སྟོང་འབར་བའི་ལོ་རྒྱུས་ལས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་པར་སྣེ་ཁྲིད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བསམ་པའི་སྒུལ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
མིག་སྔར། ཧེ་ལུང་ཅང་གི་པའེ་ཏ་ཧོང་རུ་འབྲས་བཟང་གི་རྦ་རླབས་ལང་ལོང་དུ་འཕྱུར་བ་དང་འཕྲུལ་ཆས་ཀྱི་ལྡིར་སྒྲ་བར་མེད་གྲགས་ཏེ། ད་ལོའི་སྟོན་བསྡུའི་བྱ་བ་གཅིག་རྗེས་གཉིས་མཐུད་ངང་སྤེལ་འགོ་བརྩམས། ཀན་སུའུ་ཀུའུ་ལང་དུ་མི་རྣམས་ཀྱིས་བྱེ་ཐང་ལ་འཐབ་པ་དང་སྡོང་འཛུགས་རྩྭ་འདེབས་བྱས་ཏེ། རེས་སྐོར་གསར་པའི་བྱེ་འགོག་བྱེ་བཅོས་ཀྱི་འགོག་རྒོལ་འགོ་བརྩམས།
ཚང་མས་བསྟན་དོན། རླབས་ཆེན་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་སྔར་ལས་ལྷག་པར་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་འབད་འཐབ་ལྷོད་མེད་བྱ་དགོས་ཟེར།
ནགས་ལས་དཔའ་བོ། ཀན་སུའུ་ཞིང་ཆེན་ཀུའུ་ལང་རྫོང་པ་པུའུ་ཧྲ་ནགས་རའི་འགོ་གཙོ་ཀུའོ་ཝན་ཀང་གིས་བཤད་རྒྱུར།
ཏང་གི་འགོ་ཁྲིད་ནི་ང་ཚོས་བྱ་བ་སོ་སོ་ལེགས་པར་སྒྲུབ་པའི་རྩ་བའི་འགན་སྲུང་ཡིན། མིག་སྔར་ང་ཚོས་ཀན་སུའུ་དང་ནང་སོག་གི་འབྲེལ་མཚམས་སུ་མཉམ་འགོག་མཉམ་བཅོས་བྱེད་བཞིན་ཡོད་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ནས་བྱེ་བཅོས་ཀྱི་གནས་ས་རུ་མི་རབས་ནས་མི་རབས་བར་འབད་བརྩོན་བྱས་ཏེ། མེས་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྟོབས་ཤུགས་སྔར་ལས་མང་པོ་འབུལ་རྒྱུ་ཡིན།
ཧེ་ལུང་ཅང་གསར་སྤེལ་ཁུལ་གྱི་སྐར་བདུན་ཞིང་རའི་དོ་དམ་ཁུལ19ཡི་ཏང་ཀྲི་པུའུ་ཧྲུའུ་ཅི་སུན་ཡུན་ཧྥེ་ཡིས་བཤད་རྒྱུར།
སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་པར་མ་ཟད་འགན་འཁྲི་ཡང་ཤིན་ཏུ་ལྕི་བ་ཤེས་བྱུང་། ཆེས་ལེགས་པའི་རྒྱུན་འཛིན་ནི་འབད་འཐབ་ཡིན་པ་དང་། དུས་རབས་གསར་པའི་ས་རྒོད་གསར་སྤེལ་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ང་ཚོས་རླབས་ཆེན་གྱི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་དེ་ང་ཚོའི་ཞིང་ལས་ཐོན་སྐྱེད་ཁྲོད་གཏིང་ཟབ་ཏུ་འདྲེས་པར་བྱ་རྒྱུ་ཡིན་ལ། འབྲུ་རིགས་ཐོན་ནུས་བརྟན་ཐོག་ཡར་འཕེལ་ཡོང་བར་བྱས་ནས་འབྲུ་རིགས་ཐོན་སྐྱེད་ཀྱི་ལས་གནས་དང་པོར་བྱས་རྗེས་འཇོག་རྒྱུ་དེ་ཀྲུང་གོའི་འབྲུ་རིགས་ལ་ཁག་ཐེག་བྱས་ཏེ་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པར་ང་ཚོའི་སྟོབས་ཤུགས་འབུལ་རྒྱུ་ཡིན།
གྲོང་གསེབ་དར་སྤེལ་གྱི་ལས་ཡུལ་དང་པོ་དང་། ལས་གཞི་འཛུགས་སྐྲུན་གྱི་ཡུལ་དངོས། ཚན་རྩལ་གསར་གཏོད་ཀྱི་མདུན་གྲལ་བཅས་སུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་མི་རྣམས་ལ་འབད་འཐབ་བྱེད་པའི་སྤྲོ་སེམས་འཕེལ་བར་བྱས་ཡོད།
ཚང་མས་ལས་གནས་ལ་གཞི་འཛུགས་པ་དང་དངོས་སྒྲུབ་དོན་གཉེར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་མུ་མཐུད་དུ་བྱས་རྗེས་གསར་པ་འཇོག་རྒྱུའི་བསམ་པ་བསྟན།
སི་ཁྲོན་ཞིང་ཆེན་པེ་ཁྲོན་རྫོང་ཞང་ཆོན་སྡེ་བའི་སྡེ་སྡོད་ལས་བྱེད་པ་ཝང་ཙེ་དབྱང་གིས་བཤད་རྒྱུར།
རྒྱལ་ཁབ་སྟོབས་འབྱོར་ལྡན་པ་ནི་ང་ཚོའི་“སེམས་ཀྱི་བརྟེན་ས”ཡིན། གྲོང་གསེབ་དར་སྤེལ་གཏོང་བའི་ལམ་དུ་ང་ཚོས་བསམ་པའི་སྟོབས་ཤུགས་དེ་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་སུ་བསྒྱུར་ནས་རྡོག་རྩ་གཅིག་སྒྲིལ་སྒོས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ། མང་ཚོགས་ཀྱི་སྣེ་ཁྲིད་ནས་ཐོན་ལས་སྟོབས་ལྡན་དང་འཚོ་བ་ཇེ་བཟང་། གྲོང་གསེབ་སྔར་ལས་མཛེས་སྡུག་ལྡན་པར་མངོན་འགྱུར་བྱེད་རྒྱུ་ཡིན།
ཨན་ཕན་མྱུར་བགྲོད་གནམ་ཟམ་ཆེན་མོའི་ལས་གཞིའི་འགན་འཁུར་བ་ཕི་ཧྲིན་གྱིས་བཤད་རྒྱུར།
ང་ཚོས་ཨན་ཕན་མྱུར་བགྲོད་ཀྱི་གནམ་ཟམ་ཆེན་མོའི་ཟམ་སྣེ་མཐུད་པའི་མཇུག་མཐའི་གདོང་མཆོང་བྱེད་བཞིན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་མཛུབ་སྟོན་དུ་བཟུང་ནས། སྔོན་རབས་པ་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་དམར་འཛིང་མཐའ་འཁྱོལ་ཀྱི་དཔའ་བོའི་བློ་སྟོབས་དེ་ང་ཚོའི་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་སུ་བསྒྱུར་ཏེ། དཀའ་ངལ་གདོང་གིས་བསུས་ནས་མདུན་དུ་བསྐྱོད་པ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་པ། ལག་ཤེས་པའི་སྙིང་སྟོབས་ནུས་ཤུགས་ཡོད་རྒུས་དར་སྤེལ་བཏང་ནས་རྒྱལ་ཁབ་ཆེན་པོའི་བཟོ་སྐྲུན་མཐའ་གཅིག་ཏུ་ལེགས་པོ་བསྒྲུབ་དགོས།
ཞ་མོན་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཞུའེ་ཅིས་ཡོན་གྱིས་བཤད་རྒྱུར།
སྒྲིག་ཆས་གསར་བ་དང་རྒྱལ་ཁབ་ཆེན་པོའི་མཆོག་ནོར་དེ་འདྲ་མང་པོ་མཐོང་བས། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི“ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འགོག་ཐབས་བྲལ་བ་ཞིག་ཡིན་ཞེས་པའི་སྐད་ཆ་འདི་ལ་སྔར་ལས་ལྷག་པའི་སྒོ་ནས་མྱོང་ཚོར་ཟབ་མོ་བྱུང་བ་མ་ཟད། དུས་རབས་གསར་པའི་ན་གཞོན་རྣམས་ཀྱིས་འགན་འཁྲི་དང་ལེན་བྱེད་ཕོད་པ་དང་དངོས་སྒྲུབ་འབད་བརྩོན་གྱི་དོན་སྙིང་ཡང་ཤེས་སུ་བཅུག་བྱུང་། མ་འོངས་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཟུང་སྟེ། རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་འབྲེལ་མཐུད་དམ་ཟབ་བྱས་ཏེ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་མང་པོ་ཐོན་སྐྱེད་ཀྱི་ནུས་ཤུགས་གསར་པར་སྒྱུར་བར་སྐུལ་འདེད་གཏོང་དགོས།
ད་ལྟ། ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་ལ་བསྡུར་ནའང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་མངོན་འགྱུར་ཡོང་བར་ཐག་ཉེ་བར་མ་ཟད། ཡིད་ཆེས་དང་ནུས་པ་ལྡན་པའི་དུས་སུ་འཁེལ་ཡོད། ཚང་མས་བསྟན་དོན། འཐབ་ལམ་གསར་པའི་སྟེང“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་རྒྱང་སྐྱོད་ཀྱི་བགྲོད་ལམ་སྟེང་མུ་མཐུད་དུ་རྒྱལ་ཁ་གསར་བ་ལེན་དགོས།
རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་མི་སྣ། ཉིན་པོ་ཀྲོའུ་ཧྲན་གྲུ་ཁ་ཁྲོན་ཧྲན་གྲུ་ཁུལ་ཟམ་པ་དཔྱང་འདེགས་ཚན་ཁག་གི་ཚན་གཙོ་ཀྲུའུ་ཧྲི་ཅེ་ཡིས་བཤད་རྒྱུར།
སྤྱི་ཁྱབ་ཧྲུའུ་ཅིས“ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འགོག་ཐབས་བྲལ”ཞེས་པའི་གསུངས་བཤད་དེ་ཐོས་དུས། སེམས་འགུལ་ཆེན་པོ་ཐེབས་བྱུང་། ང་ནི་གྲུ་ཁའི་བཟོ་བ་ཞིག་ཡིན། ངས་ཉིན་པོ་ཀྲོའུ་ཧྲན་གྲུ་ཁར་ས་གནས་ཀྱི་གྲུ་ཁ་ཆུང་ཆུང་ཞིག་ནས་འཛམ་གླིང་གི་གྲུ་ཁ་ཨང་དང་པོར་གྱུར་བ་བདེན་དཔང་བྱས་ཤིང་། མེས་རྒྱལ་གྱི་སྟོབས་འབྱོར་མངའ་ཐང་རྒྱས་པའི་མྱོང་ཚོར་ཟབ་མོ་བྱུང་། མ་འོངས་པར་ངས་ལས་གནས་ལ་གཞོལ་ནས་རང་ཉིད་ཀྱི་ལག་རྩལ་དང་རྩལ་ནུས་ཁྱབ་གདལ་དུ་གཏོང་བ་དང་། རྩལ་ནུས་མཐོ་བའི་འཇོན་མི་མང་པོ་གསོ་སྐྱོང་བྱས་ཏེ། ང་ཚོའི་འཛམ་གླིང་གི་རྩེ་གྲར་ཐོན་པའི་གྲུ་ཁ་འཛུགས་སྐྲུན་ལ་བྱས་རྗེས་འཇོག་རྒྱུ་ཡིན།
ཁྲུང་ཆིན་གྲོང་ཁྱེར་ཡུན་དབྱང་རྫོང་ཧྲོང་ཅང་སྲང་ལམ་པའེ་ལུའུ་མཁར་སྡེའི་ཕྱོགས་བསྡུས་ཞབས་ཞུའི་ཆེད་བསྐོས་ལས་བྱེད་པ་ཕན་ཞུའེ་ཆིན་གྱིས་བཤད་རྒྱུར།
སྤྱི་ཁྱབ་ཧྲུའུ་ཅིས“དགྲ་བོར་མཉམ་སྡང་དང་དཔའ་བསྐྱེད་ངོ་རྒོལ”ཅེས་གསུངས་བ་དེས། ང་ཚོར་སྔར་ལས་ལྷག་པའི་སྒོ་ནས་གསར་བརྗེའི་སྔོན་རབས་པ་རྣམས་ཀྱི་དཔའ་བོའི་བློ་སྟོབས་ཚོར་དུ་བཅུག་པ་མ་ཟད། དཀའ་ངལ་ལ་འཕྲད་དུས་ཕྱི་བཤོལ་མི་བྱེད་པའི་ལྕག་སྐུལ་གནང་ཡོད། མཁར་སྡེའི་ལས་སྒྲུབ་པ་ཞིག་ཡིན་པའི་ཆ་ནས། མང་ཚོགས་ཀྱི་བྱ་བ་ཡོད་ཚད་རང་ཉིད་ཀྱི་བྱ་བ་རུ་བརྩིས་ནས། མཁར་སྡེའི་ཁྱིམ་གཞིས་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་སྐྲུན་རྒྱུར་འབད་བརྩོན་བྱེད་དགོས།
ཧི་ནན་ཞིང་ཆེན་ཚོང་དོན་ཐིན་གྱི་འགོ་གཙོ་གཞོན་པ་ཅིན་ཕིན་གྱིས་བཤད་རྒྱུར།
སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོའི་འཕེལ་ཕྱོགས་ལ་ཁ་ཕྱོགས་བསྩལ་བ་མ་ཟད། ང་ཚོ་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པའི་ཆོད་སེམས་བརྟན་པོ་མཚོན་ཡོད། འཐབ་ལམ་གསར་པའི་སྟེང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་ཕྱི་ཕྱོགས་སྒོ་འབྱེད་དང་། སྔར་ལས་ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ནང་མཉམ་འགུལ་དང་ཕྱོགས་གཉིས་རོགས་རེས་མངོན་འགྱུར་བྱས་ཏེ། སྔར་ལས་མང་པའི་རྒྱལ་ཁབ་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་སྤྱོད་བྱེད་དགོས།