ཟླ9པའི་ཚེས24ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་བརྗོད་དོན་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས24ཉིན་གྱི་སྔ་དྲོར་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་བརྗོད་དོན་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་། ཁོང་གིས་ལོ་ངོ70ཡི་འཕོ་འགྱུར་ཆེན་པོ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་གྱི་མཚོན་ཚུལ་གསོན་ཉམས་ལྡན་པ་ཞིག་ཡིན། ལག་ལེན་ལས་ང་ཚོའི་ཏང་གིས་གཏན་འཁེལ་བྱས་པའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་ཡང་དག་པ་དང་། དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཇུས་གཞི་ཆེན་མོ་ནི་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་པས། ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱས་ནས། མུ་མཐུད་དུ་དོན་དངོས་གསར་པ་དང་ཟུང་འབྲེལ་བྱས་ཏེ་དོན་འཁྱོལ་མཐར་ཕྱིན་བྱེད་དགོས་ཞེས་ནན་གྱིས་བསྟན།
ཟླ9པའི་ཚེས24ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་བརྗོད་དོན་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་།
སྔ་དྲོའི་ཆུ་ཚོད10དང་སྐར་མ30སྟེང་། ཞི་ཅིན་ཕིང་སོགས་ཝུའུ་ལུའུ་མུའུ་ཆིའི་རིག་གནས་ལྟེ་གནས་འགྲེམས་སྟོན་ཁང་དུ་ཕེབས་ནས་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་། འགྲེམས་སྟོན་ལས“ཕྱོགས་བཞི་མཚམས་བརྒྱད་དུ་རྣམ་པ་གསར་པ་མངོན”ཞེས་པ་དང་། “ཞིན་ཅང་ས་ཆར་རླབས་ཆེན་འཆར་འགོད་བསྐྲུན”ཞེས་པ། “མཛེས་སྡུག་ཞིན་ཅང་དུ་འོད་སྟོང་འཕྲོ་བའི་བྱས་རྗེས་བསྐྲུན”ཞེས་པ་བཅས་ཁག་གསུམ་བརྒྱུད་དེ། ལོ་ངོ་བདུན་ཅུའི་རིང་ཀྲུང་གོའི་གུང་ཁྲན་ཏང་གི་སྟོབས་ལྡན་སྣེ་ཁྲིད་འོག་དང་། རྒྱལ་ཡོངས་ས་གནས་སོ་སོའི་རྒྱབ་སྐྱོར་ཆེན་པོའི་འོག ཞིན་ཅང་གི་མི་རིགས་སོ་སོའི་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་། དཀའ་སྤྱད་འབད་བརྩོན། སྙིང་རུས་ཆེར་བསྐྱེད་ཀྱིས་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་མངོན་པར་བྱས་ཡོད།
ཟླ9པའི་ཚེས24ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་བརྗོད་དོན་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་།
ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་པའི་སྐབས་ཀྱི་ལོ་རྒྱུས་བརྙན་རིས། ཧྲི་ཡུའེ་འདྲུད་འཐེན་འཁོར་ལོ་བཟོ་གྲྭ་ནས་ཐོན་སྐྱེད་བྱས་པའི་འདྲུད་འཐེན་འཁོར་ལོ་སྐོར་ཐེངས་དང་པོ་དང་། ཐེན་ཧྲན་སྣ་འཛོམས་ཚོང་ཟོག་ཐོག་ཁང་ཆེན་མོའི་ནང་གི་ཐོག་མའི་རྣམ་པ་བསྐྱར་སྟོན། དབུལ་ཐར་མཁྲེགས་གཏོར་འགག་སྒྲོལ་གྱི་འདྲ་པར་གསར་རྙིང་གི་བསྡུར་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་དྲིལ་སྒྲོག་སློབ་གསོའི་འགྲེམས་པང་། རང་སྐྱོང་ལྗོངས་ཀྱིས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་བཏང་བའི་འགག་སྒོའི་ཁྱབ་ཚུལ་རི་མོ་སོགས་ཀྱི་འགྲེལ་བཤད་ལ་ཞི་ཅིན་ཕིང་གིས་ནན་ཏན་གྱིས་གསན་པ་དང་། ཡང་ཡང་གཟིགས་ཞིབ་གནང་ནས་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་། ཁོང་གིས་ཞིན་ཅང་གི་ལོ་ངོ་བདུན་ཅུའི་བརྗོད་དོན་གྲུབ་འབྲས་འགྲེམས་སྟོན་ལ་དྲང་ནུས་ལྡན་ཤིང་། བརྩོན་སེམས་བསྐྱེད་པ་ཞིག་ཡིན་པས། འགྲེམས་སྟོན་ལྟ་སྐོར་རྩ་འཛུགས་ཞིབ་མོ་བྱེད་པ་དང་། གསར་རྙིང་བསྡུར་བ་སོགས་བརྒྱུད་ནས། གསོན་ཉམས་ལྡན་པའི་དོན་དངོས་ལ་བརྟེན་ནས་སྔར་ལས་མི་སེམས་གཅིག་སྡུད་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། ཞིན་ཅང་གི་མི་རིགས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཅངས་ནས། ཐུན་མོང་ཕྱུག་འགྱུར་གྱི་ལམ་བུའི་སྟེང་བདེ་སྐྱིད་ལྡན་པའི་འཚོ་བ་མུ་མཐུད་དུ་གསར་སྐྲུན་བྱེད་པར་སྐུལ་མ་གཏོང་དགོས་ཞེས་བསྟན།
ཟླ9པའི་ཚེས24ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་བརྗོད་དོན་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་།
ཝང་ཧུའུ་ཉིང་དང་། ཚའེ་ཆི། ལིས་ཀན་ཅེ། ཧི་ལིས་ཧྥིན། ཝང་ཞའོ་ཧུང་། ཞུའེ་ཁི་ལའེ་ཐི་·ཀྲ་ཁེར། ཧྲིན་དབྱི་ཆིན། ཝང་ཏུང་ཧྥིན། ལིའུ་ཀྲིན་ལིས་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཁོངས་མི་ཡོངས་སོགས་ཀྱིས་འགྲེམས་སྟོན་ལ་ལྟ་སྐོར་གནང་།