ཟླ9པའི་ཚེས24ཉིན། ཀྲུང་དབྱང་འཐུས་ཚབ་ཚོགས་པ་ཁྲིད་དེ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུའུ་ལུའུ་མུའུ་ཆི་རུ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་ནས་གསུང་བཤད་གལ་ཆེན་གནང་།
ཀྲུང་དབྱང་འཐུས་ཚབ་ཚོགས་པ་ཁྲིད་དེ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས 24 ཉིན་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན། ཁོང་གིས་ཞིན་ཅང་གིས་དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཐབས་ཇུས་ཆ་ཚང་དང་གནད་ལ་འཁེལ་བའི་སྒོ་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་བྱེད་པ་དང་། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འགོད་ཀྱི་བྱ་བའི་སྤྱིའི་དམིགས་འབེན་དམ་འཛིན་བྱས་ནས། ཀྲུང་ཧྭ་མི་རིགས་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པར་སྐུལ་འདེད་གཏོང་བར་དམ་པོར་གཞིགས་ཏེ། ཀྲུང་དབྱང་གིས་གནང་བའི་འཐབ་ཇུས་ཀྱི་ངེས་གནས་ཆེན་པོ་ལྔ་གཏན་འཁེལ་བྱེད་པ་དང་། སེམས་ཤུགས་གཅིག་བསྒྲིལ་དང་ཡུན་རིང་བྱས་རྗེས་འཇོག་པར་འབད་བརྩོན་བྱས་ནས། མཐུན་སྒྲིལ་འཆམ་མཐུན་དང་དར་རྒྱས་འབྱོར་ཕྱུག དཔལ་ཡོན་ཡར་ཐོན་དང་བདེ་སྡོད་ལས་བརྩོན། སྐྱེ་ཁམས་ལེགས་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་ཞིན་ཅང་ཧུར་ཐག་གིས་འཛུགས་སྐྲུན་བྱ་དགོས་པ་ནན་གྱིས་བསྟན།
ཟླ9པའི་ཚེས24ཉིན། ཀྲུང་དབྱང་འཐུས་ཚབ་ཚོགས་པ་ཁྲིད་དེ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུའུ་ལུའུ་མུའུ་ཆི་རུ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་ནས་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70 འཁོར་བའི་རིང་ལ། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་དང་རྒྱལ་ཡོངས་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་འོག རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་གཅིག་གྱུར། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། ཞིན་ཅང་གི་རྣམ་པར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། རྒྱལ་ཡོངས་ཀྱི་ས་གནས་ཁག་དང་མཉམ་དུ་དུས་བཅད་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་བགྲོད་ལམ་གསར་པར་བསྐྱོད། ཁོང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཞིན་ཅང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐོན་ཁུངས་ཀྱི་དགེ་མཚན་དང་ཐོན་ལས་ཀྱི་རྨང་གཞིར་རྐང་བཙུགས་ཏེ། ཞིན་ཅང་གི་ཁྱད་ཆོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་མཐའ་འཁྱོངས་དང་། འགྲན་རྩོད་ཀྱི་ནུས་པ་ལྡན་པའི་ཐོན་ལས་སྡེ་ཚོགས་གསོ་སྐྱོང་བྱ་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་སྐྲུན་མཉམ་འདྲེས་གཏིང་ཟབ་ཡོང་བར་ཤུགས་སྣོན་པ་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་ཤུགས་བསྣན་ཏེ། རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་ལྟེ་བའི་ས་ཁུལ་འཛུགས་སྐྲུན་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་ཟུང་གི་ཁྲོད་དུ་སྔར་ལས་ནུས་པ་ཆེན་པོ་འདོན་སྤེལ་དང་། དམངས་འཚོའི་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་དེ་སྔོན་འགྲོའི་གོ་གནས་སུ་བཞག་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་ལས་དོན་འཕེལ་རྒྱས་ཤུགས་ཆེན་བཏང་ནས། མི་རིགས་ཁག་གི་མང་ཚོགས་རྒྱ་ཁྱབ་ངང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཟབ་ཞུགས་བྱེད་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ནུས་ཤུགས་ཡོད་རྒུས་ཞིན་ཅང་གི་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། གཞི་རིམ་དམ་འཛིན་དང་རྨང་གཞི་བརྟན་པོ། རྩ་བ་བརྟན་པོ་བཅས་རྒྱུན་འཁྱོངས་བྱས་ནས། འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་གི་མི་དམངས་འགོག་སྲུང་གི་འཛིང་རགས་བརྟན་པོར་བསྐྲུན་དགོས། ཀྲུང་ཧྭ་མི་རིགས་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། རིག་གནས་ལ་བརྟེན་ནས་ཞིན་ཅང་བཅོས་སྐྱོང་བྱས་ཏེ། རིག་གནས་ཀྱིས་མི་སྐྱོང་བར་དོ་སྣང་བྱེད་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་པར་ཁྲིད་སྟོན་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་ནི་ཞིན་ཅང་དེང་རབས་ཅན་འཛུགས་སྐྲུན་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཡིན། རིགས་པའི་གཞུང་ལུགས་ཀྱིས་ངེས་ཤེས་བསྐྱེད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་བྱེད་དགོས། བརྟན་ལྷིང་འགན་ལེན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་བྱེད་པ་སྐྱེད་སྲིང་དང་སྦྱོང་བརྡར་བྱེད་པའི་སློབ་ཁྲིད་ཆེན་མོར་བརྩིས་ནས། རྒྱ་ཆེའི་ལས་བྱེད་པར་ལག་ལེན་ཁྲོད་དཀའ་ངལ་ལ་མི་སྐྲག་པ་དང་འགག་སྒྲོལ་དཀའ་སེལ་གྱི་སྙིང་སྟོབས་སྦྱོང་བརྡར་དང་། མཐུན་སྒྲིལ་ལ་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། རྙོག་འཛིང་ཆེ་བའི་རྣམ་པར་ཁ་ལོ་སྒྱུར་བའི་འཇོན་ཐང་དུ་འགྱུར་བར་བྱེད་དགོས། ཁྱོན་ཡོངས་ནས་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་གཏོང་བ་དང་། སྲོལ་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སྤྱོད་གཙང་སྲིད་གཙང་གི་ཆབ་སྲིད་ཀྱི་ཁོར་ཡུག་བསྐྲུན་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། དམག་དཔུང་ནི་ཏང་ཀྲུང་དབྱང་གི་ཞིན་ཅང་བྱ་བའི་སྤྱིའི་དམིགས་ཚད་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་སྟོབས་ཤུགས་གལ་ཆེན་ཡིན་ལ། དམག་དཔུང་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། དམག་དཔུང་དོན་དངོས་དང་མཐུན་པ། དམག་དཔུང་གི་ཁྱད་ཆོས་མངོན་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱ་དགོས།
ཟླ9པའི་ཚེས24ཉིན། ཀྲུང་དབྱང་འཐུས་ཚབ་ཚོགས་པ་ཁྲིད་དེ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུའུ་ལུའུ་མུའུ་ཆི་རུ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་ནས་གསུང་བཤད་གལ་ཆེན་གནང་།
ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཞའོ་ཅང་གིས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུ་ཕུལ། རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཨད་འར་ཁིན.ཐུའུ་ནི་ཡ་ཙི། རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཙུའུ་མོ་རི་ཐིས.ཝུའུ་པུའུ་ལི། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ནུའུ་ཨར་ལན་.ཨ་པུའུ་ཏུའུ་མན་ཅིན་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་ཆབ་སྲིད་ཨུ་ཡོན་ཧི་ཀྲུང་ཡུའུ་བཅས་སྙན་ཞུའི་ཚོགས་འདུར་ཞུགས།
ཝང་ཧུའུ་ཉིང་། ཚའེ་ཆི། ལིས་ཀན་ཅེ། ཧི་ལི་ཧྥིན། ཝང་ཞའོ་ཧུང་། ཞུའེ་ཁེ་ལའེ་ཐི་ཀྲ་ཁི་ཨར། ཧྲིན་ཡའེ་ཆིན། ཝང་ཏུང་ཧྥིན། ལིའུ་ཀྲིན་ལིས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། ཀྲུང་དབྱང་འཐུབ་ཚབ་ཚོགས་པའི་ཁོངས་མི་ཡོངས་དང་། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་སྲིད་དམག་གསུམ་གྱི་འགན་ཁུར་བློ་མཐུན་སོགས་སྙན་ཞུའི་ཚོགས་འདུར་ཞུགས།