ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་དང་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས།
2025.09.26 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 1

ཟླ9པའི་ཚེས25ཉིན་གྱི་སྔ་དྲོར། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཞིན་ཅང་མི་དམངས་ཚོགས་ཁང་དུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས།

འབད་འབུངས་ཡར་བརྩོན་གྱི་ལོ་ངོ་བདུན་ཅུའི་རིང་ག་ས་གང་དུ་རྣམ་པ་གསར་པ་མངོན། ཚེས25ཉིན་གྱི་སྔ་དྲོར། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཞིན་ཅང་མི་དམངས་ཚོགས་ཁང་དུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས།

ཟླ9པའི་ཚེས25ཉིན་གྱི་སྔ་དྲོར། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཞིན་ཅང་མི་དམངས་ཚོགས་ཁང་དུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས། ཝང་ཧུའུ་ཉིང་དང་ཚའེ་ཆི་ཚོགས་ཆེན་ལ་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་ཧུའུ་ཉིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཚོགས་ཆེན་ལ་ཞུགས།

ཟླ9པའི་ཚེས25ཉིན་གྱི་སྔ་དྲོར། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཞིན་ཅང་མི་དམངས་ཚོགས་ཁང་དུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས། ཝང་ཧུའུ་ཉིང་དང་ཚའེ་ཆི་ཚོགས་ཆེན་ལ་ཞུགས།

ཞིན་ཅང་མི་དམངས་ཚོགས་ཁང་དུ་གློག་འོད་ལམ་ལམ་འཕྲོ་ཞིང་གཟབ་རྒྱས་ཆེ།  ཀྲུའུ་ཞི་སྟེགས་བུའི་གོང་ཕྱོགས་སུ་་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཞེས་པའི་འཕྲེད་བྱང་བཀལ་ཡོད་ལ། རྒྱབ་ཡོལ་དཀྱིལ་དུ་གསེར་འོད་ལམ་ལམ་འཕྲོ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་བཞག་ཡོད་པ་དང་། ངོས་བཅུའི་དར་དམར་དེ་གཞོགས་གཉིས་སུ་བསྒྲེངས་ཡོད། ཚོགས་ཁང་གི་རྒྱབ་ལོགས་སུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། མཐུན་སྒྲིལ་འཆམ་མཐུན་དང་དར་རྒྱས་ཕྱུག་འགྱུར། དཔལ་ཡོན་ཡར་ཐོན། བདེ་སྡོད་ལས་བརྩོན། སྐྱེ་ཁམས་ལེགས་པོ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཞིན་ཅང་བསྐྲུན་པའི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་པའི་སྦྱར་ཡིག་བཀལ་ཡོད།

ཟླ9པའི་ཚེས25ཉིན་གྱི་སྔ་དྲོར། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཞིན་ཅང་མི་དམངས་ཚོགས་ཁང་དུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས། ཝང་ཧུའུ་ཉིང་དང་ཚའེ་ཆི་ཚོགས་ཆེན་ལ་ཞུགས།

སྔ་དྲོའི་དུས་ཚོད10དང་སྐར་མ30ཡས་མས་སུ། དགའ་སྤྲོའི་རོལ་དབྱངས་ཀློང་ནས་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཀྲུའུ་ཞི་སྟེགས་བུར་ཕེབས་པ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།

ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཨེ་འར་ཁིན·ཐུའུ་ཉི་ཡ་ཙི་ཡིས་ཚོགས་ཆེན་གྱི་འགོ་བརྩམས་པ་བསྒྲགས་པ་དང་། ཚང་མ་ཡར་ལངས་ནས་རྒྱལ་གླུ་བླངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ལིས་ཀན་ཅའེ་ཡིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་རྟེན་འབྲེལ་གློག་འཕྲིན་སྒྲོག་འདོན་གནང་།

ཝང་ཧུའུ་ཉིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུང་རྒྱུར། ལོ་ངོ70སྔོན་ལ།  ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་ལྡན་པའི་གནས་བབ་འོག  ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་པ་ཁྱབ་བསྒྲགས་གནང་། ལོ་ངོ70རིང་དང་ཁྱད་པར་དུ་དུས་རབས་གསར་པའི་ཚུན་ལ། ཏང་གི་འགོ་ཁྲིད་འོག ཞིན་ཅང་གི་རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་འབད་བརྩོན་ལ་བརྟེན་ནས་རང་ཁྱིམ་རང་བདག་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་སྒོ་འབྱེད་བཅས་ཀྱི་རྒྱལ་ཁ་རླབས་ཆེན་རྒྱུན་ཆད་མེད་པར་བླངས་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་ལྡན་པའི་སྒོ་ནས་ཞིན་ཅང་གི་ལས་དོན་ལ་ཞིབ་ལྟ་དང་ཇུས་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཐབས་ཇུས་ཆེན་པོ་གཏན་འཁེལ་བྱས་ཏེ། ཞིན་ཅང་གི་བྱ་གཞག་སོ་སོར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་སྟེ། ཞིན་ཅང་གིས་རྒྱལ་ཡོངས་དང་མཉམ་དུ་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། ཞིན་ཅང་གི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་མོར་རྒྱུན་ཆད་མེད་པར་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མིའི་སེམས་སུ་གཏིང་ཟབ་ངང་ཟུག་པ་བཅས་བྱས་ནས། མི་རིགས་ཁག་གི་མི་དམངས་རྣམས་སེ་འབྲུ་བཞིན་དམ་པོར་སྦྲེལ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་དུ་དཔའ་ངར་ཆེན་པོས་བསྐྱོད།

ཝང་ཧུའུ་ཉིང་གིས་བསྟན་དོན། ཞིན་ཅིང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་རིང་གི་རླབས་ཆེན་གྲུབ་འབྲས་ཀྱིས་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་ལྡན་པའི་དགེ་མཚན་ལེགས་པོར་མཚོན་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་པའི་ཡང་དག་པའི་བགྲོད་ལམ་གྱི་སྐྱེ་སྟོབས་དྲག་པོ་གང་ལེགས་སྒོས་མངོན་ཡོད་པར་མ་ཟད། དུས་རབས་གསར་བའི་ཏང་གི་ཞིན་ཅང་སྐྱོང་བའི་ཐབས་ཇུས་ནི་ཡང་དག་ཡིན་པ་ར་སྤྲོད་བྱས་ཡོད།

ཝང་ཧུའུ་ཉིང་གིས་བསྟན་དོན། ཞིན་ཅང་དེང་རབས་ཅན་འཛུགས་སྐྲུན་བྱེད་པ་དེ་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་བར་འགྲེང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་པ་བཅས་བྱས་ནས། ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་དུས་རབས་གསར་བའི་ཏང་གི་ཞིན་ཅང་སྐྱོང་བའི་ཐབས་ཇུས་ལག་བསྟར་བྱེད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཞིན་ཅང་གི་བྱ་བའི་སྤྱིའི་དམིགས་འབེན་ལ་དམ་པོར་དམིགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་ཐིག་དམ་པོར་འཛིན་པ། ཐོག་མཐའ་བར་གསུམ་དུ་ཁྲིམས་ལྟར་ཞིན་ཅང་སྐྱོང་བ་དང་། མཐུན་སྒྲིལ་བྱས་ནས་ཞིན་ཅང་གཏན་འཇགས་ཡོང་བར་བྱེད་པ། རིག་གནས་ལ་བརྟེན་ནས་ཞིན་ཅང་བཅོས་སྐྱོང་བྱེད་པ། མི་དམངས་ཕྱུག་པོ་དང་ཞིན་ཅང་དར་རྒྱས་ཡོང་བར་བྱེད་པ། དུས་ཡུན་རིང་པོར་ཞིན་ཅང་བསྐྲུན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། མཐུན་སྒྲིལ་འཆམ་མཐུན་དང་དར་རྒྱས་ཕྱུག་འགྱུར། དཔལ་ཡོན་ཡར་ཐོན། བདེ་སྡོད་ལས་བརྩོན། སྐྱེ་ཁམས་ལེགས་པོ་བཅས་ཀྱི་དེང་རབས་ཅན་གྱི་ཞིན་ཅང་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཞའོ་ཅང་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་སྲིད་ཁྲིམས་ཨུ་ཡོན་ཧི་ཀྲུང་ཡིའུ། ཡུ་གུར་རིགས་ཀྱི་མང་ཚོགས་ཀྱི་འཐུས་མི་ཨའེ་མེ་ལཱ་ཀུའུ་ལིས་ཨ་པུའུ་ཏུའུ་དང་། རྒྱ་རིགས་མང་ཚོགས་ཀྱི་འཐུས་མི་ཀུའུ་ཞང་ཧྥུན་བཅས་ཀྱིས་ཚོགས་སྟེང་གཏམ་བཤད།

ཧི་ལིས་ཧྥུན་དང་། ཝང་ཞའོ་ཧུང་།  ཞུའེ་ཁི་ལའེ་ཐིས་ཀྲ་ཁི་ཨར། ཧྲིན་དབྱི་ཆིན། ཝང་ཏུང་ཧྥིན་དང་། ལིའུ་ཀྲིན་ལིས། ཞིན་ཅང་དུ་བྱ་བ་སྒྲུབ་མྱོང་པའི་བློ་མཐུན་རྒན་པ་དང་། དེ་མིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཁོངས་མི་ཡོངས། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་སྲིད་དམག་གསུམ་གྱི་འགན་འཁུར་བློ་མཐུན་སོགས་ཚོགས་ཆེན་ལ་ཞུགས།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།