ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་གི་བྱ་བར་མཛུབ་སྟོན་གལ་ཆེན་གནང་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རིམ་པ་སོ་སོའི་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་དང་། རང་འགན་གཙང་སྒྲུབ་ནན་ཏན་བྱས་ནས། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་བྱ་བ་སོ་སོར་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་བླངས་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐྱོད་ལམ་གསར་པའི་སྟེང་། རིམ་པ་སོ་སོའི་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་སློབ་གྲྭའི་རུས་མིང་ཏང་ཡིན་པ་རྒྱུན་འཁྱོངས། ཏང་གི་སློབ་གྲྭའི་ཐོག་མའི་དམ་བཅའ་བློ་ལ་བརྟན་པོར་ངེས་ནས་ཏང་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཏང་ལ་ཐབས་ཇུས་འདོན་དགོས། སློབ་ཁྲིད་བཅོས་སྒྱུར་ཟབ་སྤེལ་དུ་བཏང་ནས། ཏང་གི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་ཏང་གཤིས་ཀྱི་སློབ་གསོ། ལས་འགན་སྒྲུབ་ནུས་བཅས་ཀྱི་གསོ་སྦྱོང་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། སློབ་གསོ་གསོ་སྦྱོང་གི་དམིགས་གཏད་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་མ་ལག་ཅན་དང་རིག་ལམ་ཅན་དུ་ཞིབ་འཇུག་འཆད་འགྲེལ་བྱེད་པར་ཤུགས་བསྣན་ནས། རིག་མཛོད་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས། སློབ་གྲྭ་ནན་སྐྱོང་དང་སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་འཛུགས་རྒྱུ་རྒྱུན་འཁྱོངས་བྱས་ནས། ལས་བྱེད་དང་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་མར་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། སློབ་སྒྲུབ་དང་སློབ་གྲྭ་སྐྱོང་བའི་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱ་དགོས། རིམ་སོ་སོའི་ཏང་ཨུས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཐོན་ཁུངས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱེད་པ། རྒྱབ་སྐྱོར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་ཏང་གི་སློབ་གྲྭའི་སྲིད་འཛིན་སློབ་གླིང་གི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
རྒྱལ་ཡོངས་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་གི་བྱ་བའི་ཚོགས་འདུ་ཟླ9པའི་ཚེས28ཉིན་པེ་ཅིང་དུ་བསྡུས་ཤིང་། ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་སློབ་གཙོ་ཁྲེན་ཞི་ཡིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་མ་ཟད་གཏམ་བཤད་དེ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་གི་སློབ་གྲྭའི་བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལ་ཁྱོན་ཡོངས་ནས་སློབ་སྦྱོང་དང་གོ་བ་བླངས་ཏེ། ཏང་གི་སློབ་གྲྭའི་རུས་མིང་ཏང་ཡིན་པ་སྔར་ལས་རང་རྟོགས་ཀྱིས་རྒྱུན་འཁྱོངས་དང་། ཏང་གི་སློབ་གྲྭའི་ཐོག་མའི་དམ་བཅའི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས། སྤུས་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཆུ་ཚད་མཐོ་བའི་ཐབས་ཇུས་འདོན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གཞི་རྩའི་གསོ་སྦྱོང་ལ་དམིགས་ནས་ལས་བྱེད་དང་ཏང་ཡོན་གསོ་སྦྱོང་དམ་འཛིན་ལེགས་པོ་བྱས་ནས། བརྗོད་བྱ་གཙོ་བོ་དང་གཙོ་གནད་ལ་དམིགས་ཏེ་ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་གྲྭ་ནན་སྐྱོང་དང་སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་འཛུགས་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། རྩ་འཛུགས་ཀྱི་འགན་སྲུང་ལ་ཤུགས་བསྣན་ནས་གསོ་སྦྱོང་གི་རྣམ་པ་གསར་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།
ནང་སོག་དང་ཧྲན་ཞི། ཀྲེ་ཅང་། ཧྥུ་ཅན། ཀུའེ་ཀྲོའུ་སོགས་ཞིང་ཆེན་རིམ་པའི་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་ལྔ་དང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཡན་ལག་སློབ་གྲྭ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཡན་ལག་སློབ་གྲྭའི་འགན་ཁུར་བློ་མཐུན་བཅས་ཀྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོ་དང་དེ་མིན་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་ཆེན་མོའི་ཏང་ཨུའི་ཏང་གི་སློབ་གྲྭ་དང་་སྲིད་འཛིན་སློབ་གླིང་གི་འགན་ཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས།