ཞི་ཅིན་ཕིང་གིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཚུན་ཧྲན་ཧྥུའུ་ཧྲི་སྐུ་གཤེགས་པར་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕོ་མའོ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།
2025.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ10ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཚུན་ཧྲན་ཧྥུའུ་ཧྲི་སྐུ་གཤེགས་པར་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕོ་མའོ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་ནས་ཚུན་ཧྲན་ཧྥུའུ་ཧྲི་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་། འདས་པོའི་ནང་མིར་འཚམས་འདྲི་གནང་། 

ཞི་ཅིན་ཕིང་གིས་བསྟན་དོན། སྐུ་ཞབས་ཚུན་ཧྲན་ནི་འཇར་པན་གྱི་དྲང་བདེན་འདུ་ཤེས་ལྡན་པའི་ཆབ་སྲིད་པ་ཞིག་ཡིན་པ་དང་། ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཞིག་ཀྱང་ཡིན་ལ། དུས་ཡུན་རིང་པོའི་ནང་ཀྲུང་འཇར་མཛའ་འབྲེལ་བྱ་གཞག་ལ་གཞོལ་བ་ཡིན། 1995ལོར་སྐུ་ཞབས་ཚུན་ཧྲན་སྐབས་དེའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཡིན་པའི་ཆ་ནས་ལོ་རྒྱུས་ཀྱི་གནད་དོན་སྐོར་ལ་དངོས་གཞིའི་གླེང་མོལ་གནང་ཞིང་། འཇར་པན་གྱི་བཙན་འཛུལ་དམག་འཁྲུག་དང་མི་སེར་སྤེལ་བའི་དབང་སྒྱུར་གྱི་ལོ་རྒྱུས་ཁས་ལེན་དང་རང་སྐྱོན་རང་བརྟག་གཏིང་ཟབ་བྱས་ཏེ་གནོད་འཚེ་ཕོག་པའི་རྒྱལ་ཁབ་ལ་དགོངས་དག་ཞུས། “ཚུན་ཧྲན་གླེང་མོལ་”གྱི་སྙིང་སྟོབས་ནི་དམ་སྲུང་བྱ་འོས་པ་ཞིག་རེད། འཇར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་བསྐྱོད་དེ་ལོ་རྒྱུས་བདེན་དཔང་དུ་བཟུང་ནས་འབྱུང་འགྱུར་ལ་ཁ་ཕྱོགས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་རྨང་གཞི་སྲུང་སྐྱོང་བྱས་ཐོག་ལག་གདང་སྦྲེལ་ནས་ཀྲུང་གོང་དང་འཇར་པན་བར་གྱི་འཐབ་ཇུས་གཉིས་ཕན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་འདོད་ཡོད།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།