ཞི་ཅིན་ཕིང་གིས་ན་གཞོན་རྒྱའི་རིག་པ་བར་འཕྲིན་ལན་སྤྲིངས།
2025.11.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ཆར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་གཞོན་རྒྱའི་རིག་པ་བར་འཕྲིན་ལན་སྤྲིངས་ནས། ཁོ་ཚོར་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཤེས་དཔལ་མཉམ་འདྲེས་ཀྱི་ཕོ་ཉ་དགའ་ཞིག་བྱེད་དགོས་པའི་ལྕག་སྐུལ་གནང་།

ཞི་ཅིན་ཕིང་གིས་བསྟན་དོན།  ཁྱེད་ཚོ་རྒྱ་ཡིག་ལ་དགའ་བ་དང་ཀྲུང་གོའི་རིག་གནས་ལ་དགའ་ཞེན་ཆེ་ཞིང་། རྒྱའི་རིག་གནས་ལ་ཞིབ་འཇུག་དང་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་འདོན་བཞིན་པ་ཤེས་རྗེས། ངས་བསྔགས་བརྗོད་བྱེད་ཀྱིན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱའི་རིག་པ་ནི་ཀྲུང་གོ་ནས་བྱུང་བ་དང་འཛམ་གླིང་ལ་དབང་ཞིང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་བསམ་པའི་རྒྱུ་ནོར་ཡིན། ཁྱེད་ཚོ་མུ་མཐུད་དུ་རྒྱའི་རིག་པ་དང་འགྲོགས་ནས་ཀྲུང་གོ་དང་མཉམ་སྐྱོད་ཀྱིས་ཞིབ་འཇུག་དང་འགྲེལ་བཤད་ལ་ཤུགས་སྣོན་དགོས་ལ།  འཛམ་གླིང་ལ་དོན་དངོས་དང་ལངས་གཟུགས། ཁྱོན་ཡོངས་བཅས་ཀྱི་ཀྲུང་གོ་ངོ་སྤྲོད་བྱས་ཏེ། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཤེས་དཔལ་མཉམ་འདྲེས་ཀྱི་ཕོ་ཉ་བྱས་ནས། མིའི་རིགས་ཀྱི་ལས་བསྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་བློ་གྲོས་དང་སྟོབས་ཤུགས་འབུལ་བའི་རེ་བ་བྱེད་བཞིན་ཡོད།

ཟླ11ཚེས14ཉིན་ནས་ཚེས16ཉིན་བར། 2025ལོའི་འཛམ་གླིང་གི་རྒྱའི་སྐད་ཡིག་ཚོགས་ཆེན་པེ་ཅིང་དུ་འཚོག་རྒྱུ་རེད། ཉེ་ལམ། གདན་ཞུ་ལྟར་ཚོགས་འདུར་ཞུགས་མཁན་རྒྱལ་ཁབ51གི་ན་གཞོན་རྒྱའི་རིག་པ་བ61གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བྲིས་ནས། ཀྲུང་གོར་ཞིབ་འཇུག་བྱས་པའི་ཉམས་མྱོང་དང་མྱོང་ཚོར་མཉམ་སྤྱོད་བྱས་ཏེ། ཀྲུང་གོའི་ཤེས་བྱར་སྔར་བས་ཞིབ་འཇུག་ཡག་པོ་བྱེད་པ་དང་ཤེས་དཔལ་སྤེལ་རེས་ཀྱི་ཟམ་པ་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་རྒྱུའི་རེ་འདུན་བརྗོད།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།