ལོ་རེ་རེའི་ཟླ་དྲུག་པའི་ཟླ་མགོར། མཚོ་སྔོན་པོའི་ནང་དུ་གསེར་ཉས་རྒྱུད་སྤེལ་མགོ་རྩོམ་པ་ཡིན། 2014ལོ་ནས་བཟུང་། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་འཕྲིན་ལམ་དང་མཚོ་སྔོན་བརྙན་འཕྲིན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས༼ གསེར་ཉ་རྒྱུད་སྤེལ་དུས་ཚིགས། ངོ་མཚར་ཁྲི་ཤོར་རྒྱལ་མོ ༽ཞེས་པའི་གསར་འགྱུར་ལེ་ཚན་ཆེན་མོ་གསར་བཟོ་དང་ཐད་གཏོང་བྱས་ཤིང་། གསེར་ཉ་རྒྱུད་སྤེལ་གྱི་ངོ་མཚར་བའི་གསང་བ་མོད་པོ་རྒྱལ་ཡོངས་མི་དམངས་ཀྱི་མིག་མདུན་དུ་བཤམས་པས། རྒྱ་ཆེའི་ལྟད་མོ་བ་དག་གིས་དགའ་བསུ་ཆེན་པོ་ཐོབ།
ཉེ་ཆར། མཚོ་སྔོན་པོའི་འགྲམ་རྒྱུད་དུ༼ གསེར་ཉ་རྒྱུད་སྤེལ་དུས་ཚིགས། ངོ་མཚར་ཁྲི་ཤོར་རྒྱལ་མོ ༽ཞེས་པའི་གསར་འགྱུར་ལེ་ཚན་ཆེན་མོ་ཐད་གཏོང་བྱེད་པའི་སྔོན་འགྲོའི་གྲ་སྒྲིག་བྱེད་བཞིན་ཡོད་ལ། ཟླ་དྲུག་པའི་ཟླ་དཀྱིལ་ནས་ཟླ་སྨད་ཙམ་ལ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་འཕྲིན་ལམ་དང་མཚོ་སྔོན་བརྙན་འཕྲིན་ཁང་གཉིས་ཀྱིས་རིམ་པ་བཞིན་ཐད་གཏོང་བྱ་རྒྱུ་རེད།
ཟླ5བའི་ཚེས25ཉིན། མཚོ་སྔོན་གྱི་གླུ་མ་དབང་སྒྲོན་མཚོས་བོད་སྐད་ཀྱི་ལམ་ནས་ཐེངས་འདིའི་ཐད་གཏོང་ཀྱི་ཁྱབ་སྒྲོག་གླུ་དབྱངས༼ ཉིན་མཚན་ཀུན་ཏུ་ཆུ་ལ་རྐྱལ་བའི་ཉ་མོ ༽ཞེས་པ་སྒྲ་བླངས།
དབང་སྒྲོན་མཚོ་ནི་མཚོ་སྔོན་རྨ་ལྷོ་ནས་ཡིན་ལ། པེ་ཅིན་རྩལ་སྦྱང་སློབ་གླིང་གི་འཁྲབ་སྟོན་སྡེ་ཁག་ནས་མཐར་ཕྱིན། ཆུང་དུས་ནས་གླུ་དང་ཞབས་བྲོ་སོགས་ལ་ཧ་ཅང་དགའ། མོས་འཁྲབ་སྟོན་བྱས་པའི་གློག་བརྙན༼ གྲོགས་པོ གྲོགས་པོ། ༽ཞེས་པར་སྔ་རྗེས་སུ༼ མིས་ལན་རྒྱལ་སྤྱིའི་གསེར་གྱི་མེ་ཏོག་རྟགས་མའི་རྩལ་སྦྱོང་གློག་བརྙན་གྱི་དམིགས་བསལ་བྱ་དགའ ༽དང་། ༼ པེ་ཅིན་རྒྱལ་སྤྱིའི་རྩལ་སྦྱོང་གློག་བརྙན་དུས་ཆེན་གྱི་དམིགས་བསལ་བྱ་དགའ ༽སོགས་ཐོབ་ལ། དེ་ལས་གཞན་ད་དུང༼ བོད་ལྗོངས་ཀྱི་མཁའ་དབྱིངས ༽དང་། ༼ སངས་རྒྱས་སྒྲོལ་མ། ༽༼ འབྲི་མོ་དུང་ཆུང་དཀར་མོ ༽སོགས་གློག་བརྙན་དང་བརྙན་འཕྲིན་ཟློས་གར་གྱི་འཁྲབ་སྟོན་པ་བྱས་མྱོང་།
སྒྲ་ལེན་བཞིན་པའི་རྣམ་པ།
སྒྲ་ལེན་བཞིན་པའི་རྣམ་པ།
གླུ་མ་དབང་སྒྲོན་མཚོའི་གློག་བརྙན་འདྲ་པར།
གླུ་མ་དབང་སྒྲོན་མཚོའི་གློག་བརྙན་འདྲ་པར།