སྤེལ་དུས།2016.11.15 ཡོང་ཁུངས།མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།
9
1

གློག་བརྙན༼ཐར་ལོ༽ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་བོད་སྐད་ཀྱི་གློག་བརྙན་བརྩམས་ཆོས་ལྔ་བ་ཡིན་ལ། ཟླ་འདིའི་ཚེས18ཉིན་ཟི་ལིང་ནས་ཐོག་མའི་གཟིགས་འབུལ་གནང་རྒྱུ་ཡིན་པ་དང་། ཟླ12པའི་ཚེས9ཉིན་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་སོ་སོ་ནས་གཟིགས་འབུལ་གནང་འཆར་འདུག

650886477192327597.jpg

གློག་བརྙན་འདི་ནི་ན་ནིང་ཝེ་ནཱ་སིའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཀྱི“གནམ་ས་འདྲེས་མཚམས” ཞེས་པའི་ལེའུར་ཚུད་པ་དང་། གསེར་གྱི་རྟ་མཆོག་བྱ་དགའི་ཁྲོད་དུ་འཁྲབ་གཞུང་བཅོས་སྒྲིག་གི་རྩེ་གྲས་བྱ་དགའ་དང་། སྐབས་བཅུ་དྲུག་པའི་ཏུང་ཅིནFILMEXགློག་བརྙན་དུས་ཆེན་སྐབས་སུ་གློག་བརྙན་རྩེ་གྲས་ཀྱི་བྱ་དགའ་ཐོབ། སྐབས་བཅུ་གཉིས་པའི་གློག་བརྙན་འགྲེམ་སྟོན་སྐབས་སུ་སླར་ཡང་གློག་བརྙན་རྩེ་གྲས་ཀྱི་བྱ་དགའ་ཐོབ་པ་སོགས་གློག་བརྙན་འདི་ལ་རྒྱལ་ཁབ་ཕྱི་ནང་ནས་བསྡོམས་པའི་བྱ་དགའ12ལྷག་རེག་ཡོད།

05153066fe93f43996fa49fa9a88f475.jpg

༼ཐར་ལོ༽ནི་བོད་སྐད་ཀྱི་ལམ་ནས་ཕབ་སྐྲུན་བྱས་པའི་སྐྱ་མདོག་རང་བཞིན་གྱི་གཏམ་རྒྱུད་གློག་བརྙན་ཞིག་ཡིན་ལ། གློག་བརྙན་འདིས་འཁྲབ་ཁྲིད་པ་བདྨ་ཚེ་བརྟན་གྱི་ནང་སེམས་ཀྱི་འགྱུར་བ་དང་ལུག་ངག་གི་སྤྱོད་ཚུལ་སོགས་མཚོན་ཡོད། གློག་བརྙན་འདིའི་མགོ་མཇུག་བར་གསུམ་དང་གློག་བརྙན་འདི་ལས་འཕྲོས་པའི་བརྙན་མིག་རེ་རེ་ལས་ཐར་ལོ་ཞེས་པའི་མི་སྣ་དེའི་ཐོབ་ཐང་ལ་སེམས་ཚེགས་རིགས་ཤིག་བཏུས་ཤིང་། གློག་བརྙན་འདི་ལས་ལོ་གང་མང་ལ་ཁེར་རྐྱང་ངང་ཕྱུགས་ཟོག་གི་རྗེས་ནས་དུས་འདའ་བཞིན་པའི་མི་སྣ་ཐར་ལོ་རྫོང་མཁར་དུ་ཐེངས་དང་པོར་ཐོབ་ཐང་ལག་འཁྱེར་ཞིག་བཟོ་རུ་ཕྱིན་པ་དང་། སྐྲ་བཞར་ཁང་ཞིག་ནས་སྙིང་སྟོབས་ཆེ་བའི་བོད་རིགས་བུ་མོ་གཡང་འཚོ་ཟེར་བ་ཞིག་ལ་འཕྲད་པའི་བརྩེ་དུང་གི་བརྒྱུད་རིམ་གླེང་ཞིང་། བརྩེ་དུང་ལ་ནོར་འཁྲུལ་བྱུང་བའི་ཐར་ལོས་རང་གི་རྒྱུ་ནོར་ཡོད་ཚད་བུ་མོ་དེ་ལ་སྤྲད་དེ་ལྷ་ས་ནས་འཚོ་བ་གསར་བ་ཞིག་གི་དབུ་ཁྱུད་ལ་རེ་སྨོན་བརྒྱབ་པ་དང་བུ་མོ་དེས་བསླུ་བྲིད་དང་ཚུལ་འཆོས་ཤིག་གིས་ཐར་ལོའི་མི་ཚེ་འདིའི་འཚོ་བའི་གདམ་ཀར་གོད་ཆག་ཆེན་པོ་ཐེབས།

photo_09405dcafcdf330e8110bac1ecdba769.jpg


གློག་བརྙན༼ཐར་ལོ༽ཡི་གཙོ་འཁྲབ་པ་ཞི་བདེ་ཉི་མ་ནི་ལྟ་མཁན་ཁྲི་སྟོང་གི་སེམས་ན་བབ་ཆགས་ཆེས་ཟབ་ཅིང་། རེབ་འདིའི་གློག་བརྙན་འདི་དང་སྒྱུ་རྩལ་ཞིག་གི་ཆེད་དུ་ཁོས་ལོ་ངོ17ལ་བཞར་མ་མྱོང་བའི“ར་ལུ”དེ་སྒྱུ་རྩལ་གྱི་ཆེད་དུ་ཕུལ་བའོ།
འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་སྔ་གཞུག་ཏུ༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ༽དང༼འཚོལ༽ ༼ཁྱི་རྒན༽༼གཡང་མདའ༽སོགས་བོད་སྐད་གློག་བརྙན་མང་པོ་ཞིག་རྒྱལ་ཁའི་ངང་བརྙན་ཕབ་བྱས་ཤིང་། གོང་གསལ་གྱི་གློག་བརྙན་བརྩམས་ཆོས་དག་ལ་རྒྱལ་ཁབ་ཕྱི་ནང་ཀུན་ནས་གདེང་འཇོག་བླ་མེད་ཐོབ་ཡོད་པར་མ་ཟད། ལོ་ངོ་བརྒྱ་ལྷག་གི་ཀྲུང་གོའི་གློག་བརྙན་ལོ་རྒྱུས་ཁྲོད་མིང་དོན་མཚུངས་པའི་བོད་སྐད་ཀྱི་གློག་བརྙན་བརྩམས་ཆོས་ཐོག་མ༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ༽བྱུང་ཞིང་། ཁོང་གི་གློག་བརྙན་གྱིས་ཕ་ཡུལ་རྣམ་པ་ཟབ་ཅིང་ཞིབ་དུ་བརྗོད་ཡོད་པས། མི་རྣམས་ཀྱིས་བོད་ཀྱི་རིག་གནས་དང་འཚོ་གཞེས་གནས་བབ་ཤེས་རྟོགས་འབྱུང་བར་ངེས་ཤེས་གསར་བ་ཞིག་སྦྱིན་ཡོད།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།