མོག་བུ་ཡེ་ཤེས་སྐྱབས་ཀྱི་ལ་གཞས་དེབ་ཀྱི་དཔྱད་གླེང་མཛད་སྒོ།
2017.01.11 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 188

ཉེ་ཆར། བོད་གཞས༼ཁྱེད་དང་ལྷན་དུ་སྟོན་ལྗོངས་ལ་རོལ༽ ཞེས་པའི་འོད་སྡེར་འགྲེམ་སྤེལ་མཛད་སྒོ་དང་བོད་ཀྱི་ན་གཞོན་སྙན་ངག་པ་མོག་བུ་ཡེ་ཤེས་སྐྱབས་ཀྱི་ལ་གཞས་དེབ«ལབ་རྩིད་ཞགས་ནག་པོ»དང«འདང་བལ་དཀར་ཁ་ཆུ»གཉིས་ཀྱི་འགྲེམ་སྤེལ་བགྲོ་གླེང་ཚོགས་འདུ2017ལོའི་ཟླ1པའི ཚེས6ཉིན་གྱི་སྔ་དྲོའི་ཆུ་ཚོད9ཡི་སྟེང་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་རྡལ་དུ་ཚོགས་ཤིང་། གེ་སར་རིག་གནས་ཞིབ་འཇུག་ཁང་གི་ལས་དཔོན། རྒྱལ་ཁབ་རིམ་དང་པོའི་རྩོམ་པ་པོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་གསལ་གྲོན་དངུལ་ལོངས་སྤྱོད་མཁན་ཆབ་འགག་རྡོ་རྗེ་ཚེ་རིང་དང་། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་མགོ་གཙོ་སེ་ཆེན་ཧྥུ། ཁུལ་མི་རིགས་སྐད་ཡིག་གཞུང་ལས་ཁང་གི་ཀྲུའུ་ཡིན་རྡོ་རྗེ་ཚེ་བརྟན་སོགས་འབྲེལ་ཡོད་མགོ་ཁྲིད་དང་། ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་དང་གླུ་བ་གླུ་མ་བཅས་ཚོགས་འདུར་ཞུགས། གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་ཀླུ་འབུམ་རྒྱལ་གྱིས་ཚོགས་འདུར་མགོ་འཛིན་བྱས་ཤིང་། ཆབ་འགག་རྡོ་རྗེ་ཚེ་རིང་དང་འཕགས་པ་ཐར། བསྟན་འཛིན་སོགས་ཀྱིས་མོག་བུ་ཡེ་ཤེས་སྐྱབས་ཀྱི་ལ་གཞས་དཔེ་དེབ་ཀྱི་སྒྱུ་རྩལ་གྱི་ཆ་དང་གསར་གཏོད་ཀྱི་ཆ། ཐུན་མོང་གི་ཆ། སྲོལ་རྒྱུན་གྱི་ཆ་བཅས་ལ་དཔྱད་འཇོག་བྱས་པ་མ་ཟད། མོག་བུ་ཡེ་ཤེས་སྐྱབས་ལ་སློབ་སྦྱོང་གི་འཚོ་བ་དང་མི་གཞིའི་སྐོར་ནས་ཀྱང་གླེང་བརྗོད་དང་དཔྱད་འཇོག་ཡག་པོ་གནང་།

QQ图片20170110200538.jpg

མོག་བུ་ཡེ་ཤེས་སྐྱབས་ཀྱིས་བརྩམས་པའི《འདང་བལ་དཀར་ཁ་ཆུ 》ཞེས་པའི་ལ་གཞས་དཔེ་ཆ།

QQ图片20170111120342.jpg

མོག་བུ་ཡེ་ཤེས་སྐྱབས་ཀྱིས་བརྩམས་པའི《ལབ་རྩིད་ཞགས་ནག་པོ》ཞེས་པའི་ལ་གཞས་དཔེ་ཆ།

CC682B76D4651EB5A80F0807D13E62C7.jpg

བོད་ཀྱི་ན་གཞོན་སྙན་ངག་པ་མོག་བུ་ཡེ་ཤེས་སྐྱབས།

QQ图片20170110200543.jpg

ཐེངས་འདིའི་ཚོགས་འདུའི་སྟེང་ཕེབས་པའི་ཆེད་མཁས་པ་དག

4.jpg
ཞིང་ཕྱུགས་ཅུའུ་ཡི་ཞིབ་དཔྱད་པ་ཧྲིན་བྷེ་དང་ཁུལ་མི་རིགས་སྐད་ཡིག་གཞུང་ལས་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་གཉིས་ཀྱིས་ཚོགས་འདུའི་མཛད་སྒོའི་ཡོལ་བ་ཕྱེ།

2.jpg

ཚོགས་རའི་ཟུར་ཞིག