མཚོ་ནུབ་ཁུལ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་བརྒྱད་པ་དེ་ཟླ11པའི་ཚེས4ཉིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་གཟབ་རྒྱས་ངང་བསྡུས།
ཐེངས་འདིའི་འགྲན་ཚོགས་ནི་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་ལས་ཁང་དང་། མཚོ་ནུབ་ཁུལ་སློབ་གསོ་ཅུའུ། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་། ན་གོར་མོ་གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་ཅུའུ། ན་གོར་མོ་གྲོང་ཁྱེར་སློབ་གསོ་ཅུའུ། ན་གོར་མོ་གྲོང་ཁྱེར་འབྲི་ཆུའི་མགོ་ཁུངས་མི་རིགས་སློབ་གྲྭ་བཅས་ཀྱིས་འགན་སྒྲུབ་གནང་ཞིང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས༼གངས་རྒྱན་མེ་ཏོག༽རྩོམ་སྒྲིག་ཁང་། མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་ཅུའུ། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་བོད་སྐད་ཚན་ཁག་བཅས་ཀྱིས་རོགས་སྒྲུབ་གནང་སྟེ་བསྡུས་པ་ཞིག་ཡིན།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ད་ལྟའི་བར་དུ་སྙན་ངག་གྱེར་འདོན་འགྲན་ཚོགས་འདི་ཉིད་མུ་ནས་མུ་རུ་བསྐྱངས་ཤིང་འདི་ལྟ་བུའི་གར་སྟེགས་རིགས་ཀྱིས་བོད་ཀྱི་རིག་གནས་སྤྱི་དང་ནང་སྒོས་སུ་བྱིས་པས་རང་སྐད་རང་ཡིག་ལ་བཅངས་པའི་འདུན་པ་ཇེ་དྲག་ཏུ་བཏང་།
ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བ་བདེ་བླག་ངང་འཚོགས་པའི་རྟེན་འབྲེལ་གྱི་ཡོ་ལང་དང་བསྡོངས་ཏེ་འགྲན་སྡུར་མགོ་མ་བརྩམས་པའི་སྔོན་དུ་༼ཨ་མྱེས་ཞི་ཅིན་ཕིང་ང་ཚོའི་གམ་དུ་སླེབས༽དང་༼བཀྲ་ཤིས་པའི་ཉིན་མོ༽༼ ལང་ཚོའི་རྦབ་ཆུ༽སོགས་རིག་རྩལ་འཁྲབ་སྟོན་དང་སྙན་ངག་གྱེར་འདོན་སོགས་ཀྱིས་མདུན་བསུས་ཤིང་། འགྲན་ཞུགས་སློབ་གྲོགས་རྣམས་ཀྱིས་སྙན་འཇེབས་རོལ་དབྱངས་ཀྱི་འགྲོས་དང་བསྟུན་ནས་དགེ་རྒན་དང་ཕ་མ། སློབ་ར་དང་སྤྱི་ཚོགས། ཏང་དང་རྒྱལ་ཁབ་ལ་ཕུལ་བའི་བསྟོད་བསྔགས་དང་དྲིན་གཟོ་ཡི་ཚིག་འབྲི་རེ་རེ་ཁ་གསལ་སྨྲར་དག་སྒོས་ཕྱིའི་ཉམས་འགྱུར་དང་ནང་གི་བརྩེ་བས་རབ་ཏུ་ཕྱུག་སྟེ་གྱེར་འདོན་བྱས།
སྐད་ཡིག་ནི་མི་དང་མིའི་བར། མི་རིགས་དང་མི་རིགས་ཕན་ཚུན་བར་འབྲེལ་འདྲིས་བྱེད་པའི་ལག་ཆ་གཙོ་བོ་དང་འགྲོ་བ་མིའི་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། མཚོ་ནུབ་ཁུལ་གྱིས༼མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། མེས་རྒྱལ་སྔར་བས་མཛེས་སྡུག་ལྡན་པར་སྨོན༽ཞེས་པ་བརྗོད་གཞིར་བཟུང་བའི་མཚོ་ནུབ་ཁུལ་གྱི་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་བརྒྱད་པ་དུས་ལྟར་སྤེལ་ཞིང་། མཚོ་ནུབ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་བརྒྱད་ནས་རྩ་འཛུགས་བྱས་ཏེ་སློབ་ཆུང་ནས་སློབ་མ14དང་སློབ་འབྲིང་ནས་སློབ་མ22ཁྱོན་བསྡོམས་པའི་འགྲན་ཞུགས་སློབ་མ36ཐེངས་འདིའི་འགྲན་སྡུར་ལ་ཞུགས་ཤིང་། སློབ་ཆུང་ཚན་ཁག་དང་སློབ་འབྲིང་ཚན་ཁག་སོ་སོར་རིམ་པ་ཕྱེས་ནས་ཛ་དྲག་གི་འགྲན་སྡུར་བྱས་མཐར། གཏེར་ལམ་རྫོང་མཐོ་རིམ་སློབ་འབྲིང་ནས་ཡོང་བའི་སློབ་གྲོགས་ཚེ་བརྟན་རྡོ་རྗེ་དང་ཟླ་བ་སྒྲོལ་མ་གཉིས་ལ་སློབ་འབྲིང་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། འབྲི་ཆུའི་མགོ་ཁུངས་མི་རིགས་སློབ་གྲྭ་ནས་ཞུགས་པའི་སློབ་གྲོགས་གུ་རུ་འཚོ་ལ་སློབ་ཆུང་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་སྟེ། ཡུལ་དངོས་ཀྱི་དགེ་སློབ་ཡོངས་ལ་བརྗེད་མི་ཐུབ་པའི་བག་ཆགས་ཟབ་མོ་ཞིག་ངང་ངམ་ཤུགས་ཀྱིས་བཞག
མཇུག་མཐར་ཕྱོགས་སོ་སོ་ནས་ཕེབས་པའི་དགེ་སློབ་ཡོངས་ཀྱིས་འཆམ་མཐུན་མཉམ་གནས་དང་། མི་རིགས་མཐུན་སྒྲིལ་གཙིགས་སུ་བཟུང་སྟེ། མཚོ་ནུབ་ཁུལ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་དགུ་བ་དེ་ཏུའུ་ལན་རྫོང་མཐོ་རིམ་སློབ་འབྲིང་ནས་འཚོག་རྒྱུ་ཐག་བཅད་པ་དང་ཐེངས་འདིའི་སྙན་ངག་གྱེར་འདོན་བདེ་བླག་ངང་མཇུག་སྒྲིལ།
ཐེངས་འདིའི་འགྲན་ཚོགས་སྟེང་ཞུགས་པའི་འབྲེལ་ཡོད་མགོ་ཁྲིད་ལྷན་རྒྱས།
བཀྲ་ཤིས་པའི་ཉིན་མོ་ཞེས་པའི་རིག་རྩལ་འཁྲབ་སྟོན་གྱིས་མདུན་བསུས་པ།
ཐེངས་འདིའི་དཔྱད་འདེམས་པ་ལྷན་རྒྱས།
མདོ་འཛིན་པ་བཀྲ་ཤིས་ལྷུན་འགྲུབ་དང་ཏཱ་རེ་ལྷ་མོ་གཉིས་ཀྱིས་མདོ་འཛིན་བྱེད་བཞིན་པ།
སྙན་ངག་གྱེར་འདོན་བྱེད་བཞིན་པའི་རྣམ་པ།
སྙན་ངག་གྱེར་འདོན་བྱེད་བཞིན་པའི་རྣམ་པ།
སྙན་ངག་གྱེར་འདོན་བྱེད་བཞིན་པའི་རྣམ་པ།
སྙན་ངག་གྱེར་འདོན་བྱེད་བཞིན་པའི་རྣམ་པ།
སྙན་ངག་གྱེར་འདོན་བྱེད་བཞིན་པའི་རྣམ་པ།
སྙན་ངག་གྱེར་འདོན་བྱེད་བཞིན་པའི་རྣམ་པ།
སྙན་ངག་གྱེར་འདོན་བྱེད་བཞིན་པའི་རྣམ་པ།
རྩ་འཛུགས་ལས་ཁུངས་དག་ལ་བྱ་དགའ་གནང་བཞིན་པ།
ཕུལ་བྱུང་བྱ་དགའ་ཐོབ་མཁན་དང་ཨང་གསུམ་པ་ཐོབ་མཁན་གྱི་སློབ་མ་རྣམས།
ཨང་གཉིས་པ་ཐོབ་མཁན་གྱི་སློབ་མ་རྣམས།
སློབ་འབྲིང་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་མཁན་སློབ་གྲོགས་ཚེ་བརྟན་རྡོ་རྗེ་དང་ཟླ་བ་སྒྲོལ་མ་གཉིས།
སློབ་ཆུང་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་མཁན་སློབ་མ་གུ་རུ་འཚོ།
ཚོགས་རའི་ཟུར་ཞིག
གསར་འགོད་པ། དབང་རྒྱལ་ཚེ་རིང་། དཔའ་ཁོ། ཐུབ་བསྟན་རྡོ་རྗེ།