མཚོ་ནུབ་ཁུལ་གྱི་བོད་རབ་རྒྱན་ས་ཕོ་ཁྱི་ལོའི་ལོ་སར་དགོང་ཚོགས«ཚྭ་འདམ་མཐོང་བ་ཀུན་སྨོན»ཞེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་།
2018.01.24 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 1531

མཚོ་ནུབ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སྤྲོ་སྣང་དང་དགའ་སྟོན། འཆམ་མཐུན་གྱི་ལོ་སར་དུས་ཆེན་གྱི་རྣམ་པ་ཞིག་བསྐྲུན་ཆེད། བོད་རབ་རྒྱན་ས་ཕོ་ཁྱི་ལོའི་མཚོ་ནུབ་ཁུལ་གྱི་བོད་ཀྱི་ལོ་སར་རིག་རྩལ་དགོང་ཚོགས་ཆེན་མོ«ཚྭ་འདམ་མཐོང་བ་ཀུན་སྨོན»ཞེས་པ་གཟབ་རྒྱས་ངང་ཚོགས།

ཐེངས་འདིའི་མཚོ་ནུབ་བོད་ཀྱི་ལོ་སར་དགོང་ཚོགས་ཀྱི་བརྗོད་གཞི་ནི་རྒྱབ་ཁབ་ཀྱི་གཙོ་འཛིན་ཞི་ཅིན་ཕིང་ན་གོར་མོ་གྲོང་ཁྱེར་འབྲི་ཆུའི་འགོ་ཁུངས་བོད་རིགས་སྡེ་བར་རྟོག་ཞིབ་ཏུ་ཕེབས་ནས་བོད་རིགས་སྤུན་ཟླ་མང་ཚོགས་དང་ལྷན་དུ་བདེ་སྐྱིད་འཚོ་བ་མཉམ་གླེང་བྱེད་པ་གཙོ་སྙིང་དུ་བཟུང་ཞིང་། བརྩེ་བ་གཙང་གསུམ་འགོ་ཁུངས་ལ་བཅངས་ནས། མཛེས་སྡུག་གི་ཚྭ་འདམ་ལ་བསྟོད་གླུ་ལེན་པ་བརྗོད་སྙིང་བྱས་ཡོད།

རྒྱུས་ལོན་པ་ལྟར་ན།དགོང་ཚོགས་ཀྱི་སྒྲོམ་གཞི་དང་ནང་དོན་སོགས་ཀྱི་ཆ་ནས་རྣམ་པ་གསར་བ་དང་ཁྱད་ཆོས་ཐོད་བརྒལ་བྱེད་ཆེད། འཁྲབ་ཁྲིད་ཚན་ཆུང་སྔ་གཞུག་ཏུ་ན་གོར་མོ་དང་གཏེར་ལམ་རྫོང་། ཐེམ་ཆེན་རྫོང་སོགས་སུ་སོང་ནས་ས་གནས་ཀྱི་ཁྱད་ལྡན་རིག་རྩལ་འཚོལ་ཞིབ་དང་སྒྲིག་ཁྲིད་བྱས་ཤིང་། མཚོ་ནུབ་ཀྱི་ས་བབ་དང་མཚོ་ནུབ་ཀྱི་རིག་གནས་ལོ་རྒྱུས་མཚོན་པའི་གཞས་ཚིག་དང་དབྱངས་རྟ་གསར་རྩོམ་བྱས་པ་མ་ཟད།  ཞིང་ཆེན་ཕྱི་ནང་གི་སྒྱུ་རྩལ་པ་གྲགས་ཅན་གདན་ཞུ་བྱས་ནས་དགོང་ཚོགས་ཀྱི་ཚད་གཞི་ཇེ་མཐོར་བཏང་བའི་མི་ཚད་ད་དུང་དགོང་ཚོགས་དྲིན་གཟོའི་ལེའུ་དང་ལྗང་མདོག་གི་ལེའུ། འཆམ་མཐུན་གྱི་ལེའུ་བཅས་རིགས་གསུམ་དུ་བཀར་ཏེ་རྣམ་པ་དང་ཆུ་ཚད་ཐོད་བརྒལ་བྱས།

དགོང་ཚོགས་འདི་ནི་མཚོ་ནུབ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བཀོད་སྒྲིག་ལྟར། མཚོ་ནུབ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡིས་མཛུབ་ཁྲིད་བྱས་པ་དང་། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་མཚོ་ནུབ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ཁང་།ཀྲུང་གུང་ཐེམ་ཆེན་རྫོང་ཨུ། ཐེམ་ཆེན་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་། ཐེམ་ཆེན་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུའུ། མཚོ་སྔོན་རི་དཀར་པོ་གློག་བརྙན་རིག་གནས་སྨྱད་བྱད་ཚད་ཡོད་ཀུང་སིས་འགན་སྒྲུབ་བྱས་ལ།  ཀྲུང་གོ་བོད་ཀྱི་དྲ་བ་དང་། མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་ནུབ་ཁུལ་མི་རིགས་རྩོམ་རིག་དུས་དེབ་ཁང་། གཏེར་ལམ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་ནུབ་ཁུལ་མི་རིགས་གླུ་གར་ཚོགས་པ། ན་གོར་མོ་གྲོང་ཁྱེར་འབྲི་ཆུའི་འགོ་ཁུངས་མི་རིགས་སློབ་གྲྭ   ཐེམ་ཆེན་རྫོང་ལྷ་མཚོའི་འབྱུང་ཡུལ་གླུ་གར་ཚོགས་པ་བཅས་ཀྱིས་རོགས་སྒྲུབ་བྱས།

༼བརྩེ་བ་འབྲི་ཆུའི་འགོ་ཁུངས་ལ་བཅངས༽ཞེས་པའི་རིག་རྩལ་འཁྲབ་སྟོན་གྱིས་དགོང་ཚོགས་ཀྱི་སྒོ་འཕར་ངང་གིས་ཕྱེས།

微信图片_20180124152657.jpg

 གྱང་བྲོའི་སྟངས་སྟབས།

微信图片_20180124150214.jpg

གླུ་བ་བདྨ་བསམ་འགྲུབ་ཀྱིས་གཞས་གཏོང་བཞིན་པ།

མགོ་ལོག་གླུ་བ་རྒྱལ་མཚན་གྱིས་གྲེ་འགྱུར་ངག་གི་དབྱངས་སྙན་རྫོགས་པ།

གླུ་བ་རིག་ལྡན་གྱིས་དམངས་གླུའི་འགྱུར་ཁུགས་ངག་ལ་འགུག་བཞིན་པ།

གླུ་མ་གྲགས་ཅན་གཡང་མོ་སྒྲོལ་མ་དང་གླུ་མ་ཆུང་ཆུང་བསྟན་འཛིན་དབང་མོ་གཉིས་ཀྱིས་མཉམ་ལེན་བྱེད་བཞིན་པ།

དགོང་ཚོགས་ཀྱི་མདོ་འཛིན་པ་ལྷན་རྒྱས།

གླུ་བ་ཚེ་རིང་དབང་འདུས་ཀྱི་གཞས་གཏོང་བཞིན་པ།

 ན་གཞོན་གླུ་མ་རྒྱ་གར་མཚོ་སྐྱིད་ཀྱིས་གཞས་གཏོང་བཞིན་པ།

微信图片_20180124150312.jpg

དགོང་ཚོགས་བདེ་ལེགས་ངང་མཇུག་བསྡུས་པ།