ཀླུ་སྒྲུབ་རྒྱ་མཚོའི་གླུ་གཞས་ཆེད་བསྒྲིགས་འགྲེམ་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས།
2018.04.06 ཁུངས། ཀློག་གྲངས། 1641

ཀླུ་སྒྲུབ་རྒྱ་མཚོའི་གཞས་མ་གཏམ་ཀྱི་ཆེད་བསྒྲིགས་གསར་པ༼གྲོང་ཁྱེར་བོད་པ༽ཞེས་པ་དེ་སྤྱི་ཟླ་བཞི་བའི་ཚེས་དྲུག་ཉིན་གྱི་ཕྱི་དྲོ་ཆུད་ཚོད་གསུམ་སྟེང་སའོ་ཧྥེ་ཐི་གསོལ་ཁང་ཆེན་མོ་ནས་འགྲེམ་སྤེལ་བྱས་ཏེ་ཚོང་རར་དངོས་སུ་བཀྲམ།
འགྲེམ་སྤེལ་ཚོགས་འདུའི་སྟེང་ལ་བོད་ཀྱི་སྒྱུ་རྩལ་པ་མང་པོ་ཞིག་ཐོན་ཡོད་པར་མ་ཟད། བོད་ཀྱི་སྒྱུ་རྩལ་པ་གྲགས་ཅན་སྨན་བླ་སྐྱབས་ལ་སོགས་པས་ཁོའི་གླུ་གཞས་ལ་དཔྱད་འཇོག་ཚད་མཐོ་པོ་གནང་། རྒྱུས་ལོན་པ་ལྟར་ན༼གྲོང་ཁྱེར་བོད་པ༽ཞེས་པའི་ཆེད་སྒྲིག་འདི་ནི་ཀླུ་སྒྲུབ་རྒྱ་མཚོའི་ཕ་སྐད་གླུ་གཞས་ཆེད་སྒྲིག་ཐོག་མ་ཡིན་པར་མ་ཟད། བོད་ཁུལ་གྱི་གཞས་མ་གཏམ་གྱི་ཆེད་སྒྲིག་ཐོག་མའང་ཡིན་པས། ཁོས་ལོ་ངོ་གསུམ་གྱི་རིང་གྲ་སྒྲིག་བྱས་པ་བརྒྱུད་ནས་ཚིག་དང་གདངས། ཡུལ་དང་བརྙན། སྒྲིག་སྦྱོར་དང་མཛེས་བཟོ་སོགས་གང་གི་ཆ་ནས་ཀྱང་བོད་པ་རང་གི་ཆ་ལུགས་གཞིར་བྱས་ཐོག དེང་རབས་ཅན་གྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་ཡོད་པས། འདི་ནི་ཁོའི་བརྩམས་ཆོས་ལེགས་ཤོས་ཤིག་ཡིན་ལ། གླུ་དབྱངས་སྒྱུ་རྩལ་གྱི་འགྲུལ་བཞུད་ལ་ཞུགས་དང་ཞུགས་མོས་ཀྱི་ན་གཞོན་ཡོངས་ལ་འཕུལ་བའི་ལྷད་མེད་ཀྱི་ལེགས་སྐྱེས་ཤིག་ཀྱང་ཡིན། ཀླུ་སྒྲུབ་རྒྱ་མཚོ་ནི་བོད་མི་རིགས་ཀྱི་གླུ་གར་གྱི་གཤིན་ས་སྣུམ་པོའི་ཁྲོད་གླུ་ངག་གི་མྱུ་གུ་འབུས་པའི་གསར་སྐྱེས་ཀྱི་གླུ་བ་ཞིག་ཡིན་ལ། དེ་མིན་ཐེངས་འདིའི༼གྲོང་ཁྱེར་བོད་པ༽ཞེས་པའི་གཞས་མ་གཏམ་གྱི་ཆེད་སྒྲིག་འགྲེམ་སྤེལ་ཚོགས་འདུ་འདི་བརྒྱུད། ཁོའི་མ་འོངས་སྒྱུ་རྩལ་གྱི་ལམ་ཁ་སྔར་ལས་ཡངས་ཤིང་། ལྷག་པར་གཞས་མ་གཏམ་གྱི་སྒྱུ་རྩལ་འགྲུལ་བཞུད་ཁྲོད་གྲུབ་འབྲས་སྔར་ལས་བཟང་བོ་འཐོབ་པར་རྨང་གཞི་ལེགས་པོ་བཏིངས།

微信图片_20180406202508.jpg

微信图片_20180406201147.jpg

微信图片_20180406201342.jpg

微信图片_20180406201311.jpg

微信图片_20180406211025.jpg

微信图片_20180406201327.jpg

མིང་རྟགས་བཀོད་ནས་ཚོང་རར་བཀྲམ་པའི་འོད་སྡེར།

微信图片_20180406201445.jpg

ཐེངས་འདིའི་ཚོགས་རའི་ཟུར་ཞིག

微信图片_20180406201510.jpg

འགྲེམ་སྤེལ་ཚོགས་འདུའི་སྟེང་རང་ཉིད་ཀྱིས་འཁྲབ་སྟོན་བྱེད་བཞིན་པ།