མཚོ་སྔོན་དགེ་ཐོན་སློབ་ཆེན་མདོ་ཁམས་སྒྲ་སྙན་གསབ་སྦྱོང་འཛིན་གྲྭས«རྫོངས་སྟ་དྲི་ཟའི་སྒྲ་སྙན»ཞེས་པའི་མཐར་ཕྱིན་སློབ་མ་སྐྱེལ་བའི་རིག་རྩལ་སྤྲོ་ཚོགས་བསྡུས།
2018.05.16 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 7169


མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་སློབ་མའི་ལས་དོན་ཁྲུའུ་ཡིས་གཙོ་སྒྲུབ་གནང་ཞིང་།  མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མདོ་ཁམས་སྒྲ་སྙན་གསབ་སྦྱོང་འཛིན་གྲྭས་འགན་སྒྲུབ་གནང་བའི༼རྫོངས་སྟ་དྲི་ཟའི་སྒྲ་སྙན༽ཞེས་པའི་མཐར་ཕྱིན་སློབ་མ་སྐྱེལ་བའི་རིག་རྩལ་སྤྲོ་ཚོགས་དེ་ཟླ5པའི་ཚེས16ཉིན་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་ཆེན་སློབ་མའི་བྱ་འགུལ་ལྟེ་གནས་སུ་བསྡུས།

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མདོ་ཁམས་སྒྲ་སྙན་གསབ་སྦྱོང་འཛིན་གྲྭའི་སློབ་གྲོགས་ཚོས་མཐར་ཕྱིན་སློབ་མར་སྐྱེལ་མ་དང་ལྷན་དུ་སྒྲ་སྙན་སྒྱུ་རྩལ་འདི་མདོ་ཁམས་ཡུལ་ནས་དར་ཞིང་རྒྱས་པའི་སྐུལ་མ་གཏོང་ཆེད༼རྫོངས་སྟ་དྲི་ཟའི་སྒྲ་སྙན༽ཞེས་པའི་རིག་རྩལ་སྤྲོ་ཚོགས་ཤིག་བསྡུས་ཤིང་། མདོ་ཁམས་སྒྲ་སྙན་གསབ་སྦྱོང་འཛིན་གྲྭ་ནི་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོས་བོད་ཀྱི་རིག་གནས་ལས་སྒྲ་སྙན་སྒྱུ་རྩལ་འདི་མདོ་ཁམས་ཡུལ་དུ་དར་རྒྱས་སུ་གཏོང་ཆེད་སྤྱི་ལོ2014ལོའི་ཟླ་9པར་བཙུགས་ལ། བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་རྒྱལ་ལགས་ཆེད་དུ་གདན་དྲངས་ཏེ་སློབ་མ་ཚོར་བོད་ཀྱི་ནང་མ་སྟོད་གཞས་སོགས་ཀྱི་སྒྲ་སྙན་རྡུང་སྟངས་དང་རྡོག་བྲོ་འཁྲབ་སྟངས་སོགས་ཤེས་བྱ་གང་མང་གནང་དུ་བཅུག་སྟེ་ད་ལྟའི་བར་དུ་རྒྱུན་བསྲིངས་ཡོད་པ་དང་། ལོ་རེ་རེར་སློབ་གྲོགས་གསར་བ་གང་མང་འཛིན་གྲྭ་འདིར་མཉམ་ཞུགས་བྱས་ནས་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་ཕྱོགས་ལ་འབད་པ་ལྷུར་ལེན་བྱེད་བཞིན་ཡོད།

འཛིན་གྲྭ་འདི་ནི་གསབ་སྦྱོང་གི་རྣམ་པ་ལྟར་སྒྲུབ་ཅིང་། སློབ་གསེང་དང་དབྱར་དགུན་གནང་གི་དུས་ཚོད་བེད་སྤྱད་དེ་སྒྲ་སྙན་རྡུང་ལེན་སློབ་རྒྱུར་མོས་འདུན་ཆེ་བའི་སློབ་མ་མང་པོར་གོ་རིམ་ལྡན་པའི་ངང་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད། ཁོ་ཚོས་དུས་ནམ་ཡང་སྒྲ་སྙན་རྡུང་ལེན་སྦྱོང་རྒྱུའི་འདུན་པ་དེ་བོར་མ་མྱོང་ལ། དབྱར་དགུན་གནང་གི་དུས་ཚོད་བེད་སྤྱད་དེ་སྒྲ་སྙན་སྒྱུ་རྩལ་གྱི་གཞུང་ལུགས་དང་ལག་ལེན་གཉིས་ཟུང་འབྲེལ་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་འབྲས་བུའང་མི་དམན་བླངས་ཡོད།  ད་ལྟར་མཚོན་ནའང་ཁོ་ཚོས་སློབ་སྦྱོང་གི་ཞོར་དུ་སྒྲ་སྙན་རྡུང་ལེན་གྱི་ཕྱོགས་ལ་སྔར་མུས་བཞིན་ཧུར་བརྩོན་བྱེད་བཞིན་ཡོད།

ཐེངས་འདིའི་རིག་རྩལ་སྤྲོ་ཚོགས་སྟེང་ཞུགས་པའི་དགེ་རྒན་ལྷན་རྒྱས།

རྫོགས་ལྡན་བསུ་བའི་སྐྱ་རེངས་ཞེས་པའི་ཞབས་བྲོས་རིག་རྩལ་འཁྲབ་སྟོན་གྱི་དབུ་བསུ་བ།

མདོ་འཛིན་པ་ལྷན་རྒྱས།

འཁྲབ་སྟོན་ཡུལ་དངོས།

ཡུལ་དངོས་ལྟད་མོ་བ།

སྒྲ་སྙན་རྒྱུད་སྐུད་དང་འགྲོགས་པའི་གནའ་བོའི་དབྱངས་རྟ།

མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོ་་སོགས་ཀྱིས་རྟེན་འབྲེལ་ཤིས་ཚིག་འབུལ་བཞིན་པ།

སྙན་ངག་གྱེར་འདོན་བྱེད་བཞིན་པ།

བཞད་གར་འཁྲབ་སྟོན་བྱེད་བཞིན་པ།

འབྲེལ་ཡོད་མཐུན་ཚོགས་ཀྱིས་རྟེན་འབྲེལ་ལེགས་སྐྱེས་འབུལ་བཞིན་པ།

སྒྲ་སྙན་གསབ་སྦྱོང་འཛིན་གྲྭའི་ཚོགས་མི་ཚོས་འཁྲབ་སྟོན་བྱེད་བཞིན་པ།

 རྫོངས་སྟ་དྲི་ཟའི་སྒྲ་སྙན་ཞེས་པའི་རིག་རྩལ་འཁྲབ་སྟོན་མཇུག་སྒྲིལ་བ།

གསར་འགོད་པ།  ལྕགས་ཐར་ཚེ་རིང་།  དབང་རྒྱལ་ཚེ་རིང་།