མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་དང་ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་བྱང་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ། མཚོ་བྱང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་འགན་སྒྲུབ་བྱས་པའི་མཚོ་སྔོན་པོ“སྨོན་ལམ་མཐོན་པོ་རྟགས་མའི”ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་བསྐྱར་འགྲན་དང་རྟིང་རྩོད་རིམ་པའི་སྒོ་འབྱེད་མཛད་སྒོ། སྤྱི་ཟླ6པའི་ཚེས28ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་སྟེང་མཚོ་བྱང་ཁུལ་མདའ་བཞི་རྫོང་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི་རུ་གཟབ་རྒྱས་ངང་བསྡུས།
མཛད་སྒོར་ཞུགས་པའི་འགོ་ཁྲིད།
ཀྲུང་གུང་མཚོ་བྱང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཀྲང་ཧྲིན་ཡོན་རྣམ་གཉིས་ཀྱིས་གཙོ་མཛད་པའི་ཐིན་ཀྲང་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་། ཁུལ་ཐད་གཏོགས་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་མཛད་སྒོར་ཞུགས་པ་དང་། མཚོ་བྱང་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོའམ་ཁུལ་སྲིད་གཞུང་གཞུང་ལས་ཁང་གི་ཀྲུའུ་རེན་ཧོ་ཏེ་ལུང་གིས་ཐེངས་འདིའི་སྒོ་འབྱེད་མཛད་སྒོར་མདོ་འཛིན་བྱས། མཚོ་བྱང་ཁུལ་ཏང་ཨུའི་རྒྱུན་ཨུ།འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་ཚེ་བརྟན་གྱིས་མཛད་སྒོ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་། མཚོ་བྱང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་སུང་ཞིག་ཙུང་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་བློ་བཟང་རྣམ་གཉིས་ཀྱིས་་ཤིས་ཚིག་ཕུལ།
མཚོ་བྱང་ཁུལ་ཏང་ཨུའི་རྒྱུན་ཨུ།འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་ཚེ་བརྟན་གྱིས་མཛད་སྒོ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།
མཚོ་བྱང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་སུང་ཞིག་ཙུང་གིས་ཤིས་ཚིག་འབུལ་བཞིན་པ།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་བློ་བཟང་གིས་ཤིས་ཚིག་འབུལ་བཞིན་པ།
ཐེ་ཀྲང་གཞོན་པ་བློ་བཟང་གིས་ཡུལ་དངོས་ཐད་གཏོང་གི་བྱ་བར་ལྟ་ཞིབ་བྱེད་བཞིན་པ།
མདོ་འཛིན་པའི་སྡེ།
གླུ་དང་གར་གྱི་མཆོད་པ།
ཚོགས་རའི་ཡུལ་དངོས།