སྲིད་པ་རྒད་པོ་བོད་ཀྱི་གཏམ་དཔེ།
ཤེས་རབ་དང་བློ་གྲོས་ཀྱི་ཉིང་བཅུད་འཛོམས་པའི་ངག་རིག་གི་སྒྱུ་རྩལ།
བདེན་པ་དང་གནས་ལུགས་སྲུང་བའི་གཏན་ཚིགས་ཀྱི་བང་མཛོད།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཀྲུང་གུང་རྩེ་ཁོག་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། རྩེ་ཁོག་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་འགན་སྒྲུབ། རྩེ་ཁོག་རྫོང་སྲིད་པ་རྒད་པོ་སྲོལ་རྒྱུན་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟིས་རོགས་སྒྲུབ་བྱས་པའི་སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་ལྔ་པ། ད་ལོའི་སྤྱི་ཟླ་བདུན་པའི་ཟླ་སྟོད་ནས་བཟུང་དངོས་སུ་མགོ་བརྩམས། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་གཏམ་བཤད་པ་བདུན་ཅུ་ལྷག་དང་ཐོག་རང་ས་གནས་ཀྱི་ཐོག་མའི་འགྲན་སྡུར་ལ་ཞུགས་པ་དང་། དེ་ལས་གཏམ་བཤད་པ་དང་གདན་ཞུའི་འཁྲབ་སྟོན་པ་དྲུག་ཅུ་ཙམ་སྲིད་པ་གཏམ་གྱི་ཕ་ས། རྩེ་གཞུང་སྨན་ལྗོངས་ཕྱུག་མོ་རུ་འབྱོར་ནས་བསྐྱར་འགྲན་དང་འཁྲབ་སྟོན་ལ་ཞུགས་པ་རེད།
རྟིང་སྐུལ་རིམ་པར་ཚུད་པའི་གཏམ་བཤད་པ།
སྤྱི་ཟླ8ཚེས20ཉིན། སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་ལྔ་པའི་བསྐྱར་འགྲན་དངོས་སུ་མགོ་བརྩམས་པ་དང་ཚེས21ཉིན་གྱི་ཕྱི་དྲོར་བསྐྱར་འགྲན་རིམ་པ་བདེ་བླག་ངང་མཇུག་རྫོགས། བསྐྱར་འགྲན་གྱི་གོ་རིམ་བརྒྱུད་མཐར་བཀྲ་ཤིས་དགའ་བ་སོགས་གཏམ་བཤད་པ26རྟིང་སྐུལ་རིམ་པར་ཚུད་པ་དང་། དཔའ་སྲུང་སོགས་གཏམ་བཤད་པ18བསྐྱར་འགྲན་འཕར་མར་ཚུད། དེ་རིང་སྟེ་སྤྱི་ཟླ8ཚེས22ཉིན་བསྐྱར་འགྲན་འཕར་མའི་མགོ་བརྩམས་ཡོད།
བསྐྱར་འགྲན་འཕར་མར་ཚུད་པའི་གཏམ་བཤད་པ།