དབྱང་ཀྲི་ཝན། 
2017.12.11 ཁུངས། ཀློག་གྲངས། 83

དབྱང་ཀྲི་ཝན།  1988.09--1992.07ལོའི་བར།    ཉིང་ཞ་སློབ་ཆེན་ཆབ་སྲིད་སྡེ་ཁག་གི་བསམ་བློ་ཀུན་སྤྱོད་དང་ཆབ་སྲིད་སློབ་གསོའི་ཆེད་ལས་སུ་སློབ་གཉེར་མཛད།

1992.07--1997.12ལོའི་བར།    ཉིང་ཞ་སློབ་ཆེན་ཆབ་སྲིད་སྡེ་ཁག་གི་དགེ་རྒན་བྱས། ( དེའི་རིང་གི1994.09--1997.01བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་པུའུ་རུ་ལས་ཐོག་ཞིབ་འཇུག་སློབ་མ་བྱས་ནས་ཀྲུང་གུང་ཏང་གི་ལོ་རྒྱུས་ཆེད་ལས་སྦྱངས། ཁྲིམས་ལུགས་རིག་པའི་རབ་འབྱམས་པའི་ཡོན་གནས་བླངས། )

1997.12--1998.08ལོའི་བར།    ཉིང་ཞ་རང་སྐྱོང་ལྗོངས་ཏང་ཨའི་རྩ་འཛུགས་པུའུ་ཡི་ལས་བྱེད་སློབ་གསོ་ཁྲུའུ་ཡི་ལས་བྱེད་པ་བྱས།

1998.08--2001.02ལོའི་བར།    ཉིང་ཞ་རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་ལས་བྱེད་སློབ་གསོ་ཁྲུའུ་ཡི་ཀྲུའུ་རེན་ཁའོ་ཡོན་བྱས།

2001.02--2004.08ལོའི་བར།    ཉིང་ཞ་རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་འཁུར།

2004.08--2005.12ལོའི་བར།    ཉིང་ཞ་རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་ལས་བྱེད་ཁྲུའུ་དང་པོའི་ཁྲུའུ་ཀྲང་གཞོན་པའི་འགན་འཁུར།

2005.12--2007.04ལོའི་བར།    ཉིང་ཞ་རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་ལས་བྱེད་ཁྲུའུ་དང་པོའི་རྟོག་ཞིབ་པ་དང་ཁྲུའུ་ཀྲང་གཞོན་པའི་འགན་འཁུར།

2007.04--2009.12ལོའི་བར།    ཉིང་ཞ་ས་རྒོད་གསར་སྦོལ་ལས་དོན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དང་། ས་རྒོད་སྡེ་ཤོག་ཀུང་སིའི་སྤྱི་གཉེར་པ་གཞོན་པའི་འགན་འཁུར། (དེའི་རིང་གི 2007.09--2007.11ལོའི་བར་དུ་ཉིང་ཞ་རང་སྐྱོང་ལྗོངས་ཏང་ཨུའི་ཏང་གི་སློབ་གྲྭར་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་ཟབ་སྦྱོང་འཛིན་གྲྭར་ཟབ་སྦྱོང་བྱས)

2009.12--2013.08ལོའི་བར།    ཉིང་ཞ་རང་སྐྱོང་ལྗོངས་ཝུའུ་ཀྲུང་གྲོང་ཁྱེར་གྱི་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་པུའུ་ཡི་པུའུ་ཀྲང་གི་འགན་འཁུར།

2013.08--2015.08ལོའི་བར།    ཉིང་ཞ་རང་སྐྱོང་ལྗོངས་ཝུའུ་ཀྲུང་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་བཞེས།

2015.08--2018.02ལོའི་བར།    ཉིང་ཞ་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་སློབ་གཙོ་གཞོན་པ། རང་སྐྱོང་ལྗོངས་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་འཁུར། (2012.09--2017.06ལོའི་བར་དུ་ཉིང་ཞ་སློབ་ཆེན་ཧུའེ་རིགས་ཞིབ་འཇུག་གླིང་མི་རིགས་དང་སྤྱི་ཚོགས་རིག་པའི་ཆེད་ལས་ནས་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་ལ་བརྩོན་ཞིང་། ཁྲིམས་ལུགས་རིག་པའི་འབུམ་རམས་པའི་ཡོན་གནས་བླངས། 2015.03--2016.01བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལས་བྱེད་པ་དར་གཞོན་ཟབ་སྦྱོང་གི་འཛིན་གྲྭ་གཉིས་པར་སློབ་གཉེར་བྱས)

2018.02--2020.03ལོའི་བར།    ཉིང་ཞ་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང(ཆོས་ལུགས་ལས་དོན་ཅུའུ)ཡི་ཀྲུའུ་རེན(ཅུའུ་ཀྲང་)དང་ཏང་ཙུའུ་ཧྲུའུ་ཅི་གཞོན་པའི་འགན་འཁུར།

2020.03--2020.04ལོའི་བར།    མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་གཙོ་གཞོན་པར་འོས་འདེམ་བྱས།

2020.04ལོའི་ཟླ4བར།    མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་གཙོ་གཞོན་པར་བསྐོས་ཤིང་ཏང་ཙུའུ་ཁོངས་མིར་གྱུར།