ལིའུ་ཁྲའོ། ཕོ། རྒྱ་རིགས། 1971ལོའི་ཟླ10བར་ལའོ་ཉིང་ཧྥུ་ཞིན་ནས་སྐྱེས། 1993ལོའི་ཟླ7པར་ལས་ཀར་ཞུགས། 1990ལོའི་ཟླ12བར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱི་ཉེས་དོན་ཁྲིམས་འཛིན་སློབ་གླིང་ཉེས་ཁྲིམས་རིག་པའི་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་དང་། ཁྲིམས་ལུགས་རིག་པའི་འབུམ་རམས་པའི་ཡོན་གནས་ལྡན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་དང་ཏང་ཙུང་ཁོངས་མི་ཡིན།
1989.09--1993.07བར། ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན་ཁྲིམས་ལུགས་སྡེ་ཁག་ཁྲིམས་ལུགས་ཆེད་ལས་སུ་སློབ་གཉེར་བྱས།
1993.07--1994.07བར། སྤྱི་བདེ་པུའུ་བདེ་སྲུང་དོ་དམ་ཅུས་ཀྱི་ལས་བྱེད་པ་ཡིན། (1993.09-1994.07བར། ཐིན་ཅིན་གྲོང་ཁྱེར་སྤྱི་བདེ་ཅུས་ཧི་ཏུང་ཡན་ལག་ཅུས་སུ་དངོས་སྦྱོང་བྱས། )
1996.04--1998.08བར། སྤྱི་བདེ་པུའུ་ཁྱིམ་སྲིད་དོ་དམ་ཅུས་ཁྱིམ་ཐོ་དོ་དམ་ཁྲུའུ་ཡི་ཀྲུའུ་རེན་གཞོན་པའི་ཁའོ་ཡོན་དང་ཀྲུའུ་རེན་ཁའོ་ཡོན་ཡིན། (1998.04)
1998.08--2000.10བར། སྤྱི་བདེ་པུའུ་བདེ་སྲུང་དོ་དམ་ཅུས་ཁྱིམ་ཐོ་དོ་དམ་ཁྲུའུ་ཡི་ཀྲུའུ་རེན་ཁའོ་ཡོན་དང་། རྟོག་ཞིབ་པའི་ལག་རོགས་ཡིན། (2000.06)(བར་སྐབས་ཀྱི2000.01-2000.10བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་དྲུང་ཡིག་ཅུས་གསུམ་པ་དང་ཁྲུའུ་བཞི་བར་ལས་གནས་བརྗེ་གཡར་ཐོག་ལས་ཀ་བསྒྲུབས།
2000.10--2001.02བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གི་དྲུང་ཡིག་ཅུས་གསུམ་པ་དང་ཁྲུའུ་བཞི་བའི་ལག་རོགས་རྟོག་ཞིབ་པ་ཡིན།
2001.02--2002.12བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གི་ཁྲུའུ་རིམ་པ་གཞོན་པའི་དྲུང་ཡིག་ཡིན། (1998.09-2001.07བར་པེ་ཅིང་སློབ་ཆེན་ཁྲིམས་རིག་སློབ་གླིང་ཁྲིམས་ལུགས་རབ་འབྱམས་པའི་ཆེད་ལས་ཞིབ་འཇུག་སློབ་མ་ཡིན་ཞིང་། ཁྲིམས་ལུགས་རིག་པའི་རབ་འབྱམས་པའི་ཡོན་གནས་ཐོབ།
2002.12--2005.12བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གི་ཁྲུའུ་རིམ་པའི་དྲུང་ཡིག་ཡིན།
2005.12--2007.08བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གི་ཅུས་རིམ་པ་གཞོན་པའི་དྲུང་ཡིག་ཡིན།
2007.08--2009.07བར། ཀྲུང་དབྱང་གཞུང་སྒྲུབ་ཐིང་ཅུས་རིམ་པ་གཞོན་པའི་དྲུང་ཡིག་ཡིན། (2006.09-2009.06བར་ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་ཉེས་དོན་ཁྲིམས་འཛིན་སློབ་གླིང་གི་ཁྲིམས་རིག་ཆེད་ལས་ནས་ལས་ཐོག་ཞིབ་འཇུག་སློབ་མར་སློབ་གཉེར་བྱས་ཤིང་། ཁྲིམས་ལུགས་རིག་པའི་འབུམ་རམས་པའི་ཡོན་གནས་ཐོབ།
2009.07--2011.09བར། ཀྲུང་དབྱང་གཞུང་སྒྲུབ་ཐིང་གི་ཅུའུ་རིམ་པའི་དྲུང་ཡིག་ཡིན། (སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་རྒྱུན་ལས་ཨུ་ཡོན་དུ་བསྡད )
2011.09--2012.11བར། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་འགན་བཞེས། (2012.03)
2012.11--2013.03བར། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་། ཁྲེང་ཏུའུ་ཐན་ཧྥུ་གསར་ཁུལ་གྲ་སྒྲིག་ཚོ་ཆུང་གི་ཚོགས་གཙོ་ཡིན།
2013.03--2015.03བར། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་ཁྲེང་ཏུའུ་མཐོ་གསར་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས།
2015.03--2015.07བར། སི་ཁྲོན་ཞིང་ཆེན་མེན་དབྱང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་དང་ཧྲི་ཀྲང་གི(གྲོང་ཁྱེར་གྱི་འགོ་གཙོ)ལས་ཚབ་གནང་།
2015.07--2018.06བར། སི་ཁྲོན་ཞིང་ཆེན་མེན་དབྱང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་། གྲོང་ཁྱེར་གྱི་འགོ་གཙོ། ཀྲུང་གོའི(མེན་དབྱང)ཚན་རྩལ་གྲོང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་། དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།
2018.06--2021.02བར། སི་ཁྲོན་ཞིང་ཆེན་མེན་དབྱང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་ཀྲུང་གོའི(མེན་དབྱང)ཚན་རྩལ་གྲོང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས། (2018.07)
2021.02པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་དང་། ཏང་ཙུའུ་ཁོངས་མི་ཡིན། (2021.01)