ལེ་ཚན་གསར་གཏོང་གི་དུས་ཚོད། གཟའ་མིག་དམར་དང་། ཕུར་བུ། སྤེན་པ། ཉི་མ་བཅས་ཀྱི་དགོང་མོའི་དུས་ཚོད19:30-20:30བར་ཡིན། ལེ་ཚན་བསྐྱར་གཏོང་གི་དུས་ཚོད། གཟའ་ཟླ་བ་དང་། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ། ཉི་མ་བཅས་ཀྱི་དགོང་མོའི་དུས་ཚོད16:10བར་ཡིན།
རྒྱ་ཆེའི་གསན་མཁན་རྣམས་ལ་ཆེད་དུ་ཞུ་རྒྱུར། ཁྲོམ་ཆེན་འདུ་ར་ཞེས་པའི་ལེ་ཚན་འདི་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས༢༠༢༠ལོའི་ཟླ་བཞི་པའི་ཚེས་གཅིག་ཉིན་དངོས་སུ་གསར་གཏོང་བྱས་པའི་རིག་རྩལ་སྣ་འཛོམས་རང་བཞིན་གྱི་ལེ་ཚན་གསར་བ་ཞིག་ཡིན་པ་དང་། རྒྱ་ཆེའི་གསན་མཁན་ལྷན་རྒྱས་ཀྱིས་ལེ་ཚན་འདིར་ཐུགས་ཁུར་དང་དོ་སྣང་བྱས་ཏེ། གཏམ་དཔེ་དང་བཤད་པ། གླུ་ཤགས། ཁ་ཤགས་དང་བཞད་གར། དམངས་གླུ་ལེགས་ཤོས་བཅས་ང་ཚོར་མཁོ་སྤྲོད་བྱ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལེ་ཚན་གཞུང་སྒྲུབ་ཁང་གི་འབྲེལ་གཏུག་ཁ་པར་ཨང་གྲངས། 0971--6329283
རྩོམ་སྒྲིག་པ་དང་མདོ་འཛིན་པ། ཚེ་རིང་བཀྲ་ཤིས།
རྩོམ་སྒྲིག་འགན་ཁུར་པ། ཚེ་རིང་བཀྲ་ཤིས།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།