རྣམ་རྒྱལ་ལུང་ཡུན་འཆང་ནི1978ལོའི་ཟླ་བཅུ་བར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་ཏེ་རྫོང་དུ་སྐྱེས།། 2002ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་དངོས་གཞིའི་བསླབ་གནས་བླངས། 2002ལོའི་ཟླ་བདུན་པ་ནས་2004ལོའི་ཟླ་དྲུག་པའི་བར་ཀྲུང་གོའི་སྲིད་ཁྲིམས་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སློབ་གླིང་གི་ཁྲིམས་ལུགས་རིག་པའི་བསླབ་གནས་བརྩེགས་མ་བླངས། 2004ལོའི་ཟླ་བདུན་པ་ནས་2010ལོའི་ཟླ་བརྒྱད་པའི་བར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་རིག་པའི་སློབ་གླིང་དུ་སློབ་ཁྲིད་དང་རིག་གཞུང་ཞིབ་འཇུག་གི་ལས་ལ་གཞོལ། 2010ལོའི་ཟླ་དགུ་བར་ཀྲུང་གོའི་སྲིད་ཁྲིམས་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་རིག་པའི་སློབ་གླིང་དུ་རྒྱུགས་འཕྲོད་ནས་ཀྲུང་གོའི་ཁྲིམས་ལུགས་རིག་པའི་ཁྱབ་ཁོངས་ན་གཟི་བརྗིད་ཀྱི་མཚན་སྙན་འབར་པའི་སློབ་དཔོན་ཆེན་མོ་ཀྲང་ཅིན་ཧྥན་ལ་བརྟེན་ནས་ཁྲིམས་ལུགས་ལོ་རྒྱུས་དང་ཁྲིམས་ལུགས་རིག་གནས་སྐོར་གྱི་འབུམས་རམས་པར་སློར་གཉེར་གནང་། 2013ལོའི་ཟླ་དྲུག་པར་འབུམས་རམས་པའི་དཔྱད་རྩོམ་ལ་ཕུལ་བྱུང་བཟང་རྟགས་བླངས་ཏེ་སློབ་མཐར་ཕྱིན། 2016ལོའི་ཟླ་དྲུག་པར་ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་རིག་པའི་སློབ་གླིང་དུ་འབུམ་རམས་ཕྱི་ཚར་པའི་བསླབ་གནས་བླངས།
ཁོ་ནི་སྔོན་ཆད་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་རིག་པའི་སློབ་གླིང་གི་སློབ་དཔོན་གཞོན་པ་དང་།ཀྲུང་གོའི་ཁྲིམས་ལུགས་ལོ་རྒྱུས་རིག་པའི་འབུམ་རམས་པའི་བསླབ་གནས་ལེན་མཁན་གྱི་བོད་རིགས་ཐོག་མ་དང་། ཀྲུང་གོའི་ཁྲིམས་ལུགས་ལོ་རྒྱུས་ཆེད་ལས་ཐད་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་ཁྲིམས་ལུགས་རིག་པའི་ཆེད་ལས་གཞུང་ལུགས་ལ་ཞིབ་འཇུག་བྱ་ཐུབ་པའི་ཆེ་ལས་ཤེས་ལྡན་མི་སྣ་ཐོག་མའང་ཡིན། ད་ལྟ་ཅང་སུའུ་དགེ་ཐོན་སློབ་གྲྭ་ཆེན་མོའི་ཁྲིམས་རིག་པའི་སློབ་གླིང་དུ་ཕྱག་ལས་གནང་མུས་སུ་མཆིས།
ཁོང་གིས་བོད་རིགས་ས་ཁུལ་དུ་ཀྲུང་གོའི་ཁྲིམས་སྐྱོང་འཛུགས་སྐྲུན་གནད་དོན་དཀྱིལ་སྙིང་དུ་བཟུང་ནས། ཞོར་དུ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ཁྲིམས་དང་གྲངས་ཉུང་མི་རིགས་ས་ཁུལ་དུ་གོམས་སྲོལ་བཅའ་ཁྲིམས་ཕན་ཚུན་ཁ་གསབ་ཀྱི་འཕེལ་རྒྱས་འབྲེལ་བ། ཁྲིམས་ལུགས་ལོ་རྒྱུས་རིག་པ། ཁྲིམས་གཞིའི་རིག་པ། བོད་ཁུལ་གྱི་ཉེས་དོན་བཅའ་ཁྲིམས་བཅོས་བསྒྱུར། བོད་ཀྱི་བཅའ་ཁྲིམས་ལམ་ལུགས་ལོ་རྒྱུས། ཀྲུང་གོའི་མི་རིགས་ཁྲིམས་ལུགས་རིག་པ། བོད་ཀྱི་ཁྲིམས་གཞིའི་རིག་པ། བོད་ཀྱི་གོམས་སྲོལ་བཅའ་ཁྲིམས་དང་ཀྲུང་གོའི་ཉེས་དོན་སྲིད་འཛིན་བཅའ་ཁྲིམས་ཀྱི་ལག་ལེན། བོད་རྒྱ་བཅའ་ཁྲིམས་ཁྲིམས་ལུགས་རིག་གནས་འབྲེལ་བ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དང་གྲོང་སྡེའི་ཁྲིམས་སྐྱོང་འཛུགས་སྐྲུན། བོད་རྒྱ་ཡིག་རིགས་གཉིས་ཀྱི་སྲིད་ཁྲིམས་ལག་ལེན་དང་བོད་རྒྱའི་ཁྲིམས་ལུགས་རིག་གནས་འབྲེལ་བ། ཏུང་ཧོང་གཏེར་ཡིག་ལས་གནའ་བོའི་བོད་ཀྱི་ཁྲིམས་ལུགས་ཡིག་ཆ་དག་སྒྲིག་དང་ཞིབ་འཇུག་སོགས་ཁྱབ་ཁོངས་མང་བོར་ཞིབ་འཇུག་བྱེད་མུས་སུ་ཡོད། ད་ལྟ་རྒྱལ་ཁབ་རིམ་པའི་སློབ་གཞི་གསུམ་དང་ཞིང་ཆེན་རིམ་པ་དང་ཐིན་རིམ་པའི་ལས་གཞི་དྲུག་བཅས་བསྡོམས་པས་ལས་གཞི་སྣ་ཁ་བཅུ་ཕྲག་འགའི་ནང་ཞུགས་ཏེ། ཁྲིམས་ལུགས་རིག་པའི་གཞུང་ལུགས་ལ་ཞིབ་འཇུག་གནང་བཞིན་ཡོད། 2005ལོ་ནས་བཟུང་སྔ་ཕྱིར་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་ཁྲིམས་རིག་པའི་རིག་གཞུང་དུས་དེབ་གཙོ་ཆེ་བ་དང་། ཞིང་ཆེན་རིམ་པའི་གཙོ་ཆེ་ཤོས་ཀྱི་རིག་གཞུང་དུས་དེབ་དང་ཚགས་པར་སོ་སོའི་སྟེང་དུ་《བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་མནའ་གན་གྱི་བྱེད་ནུས་ཅུང་ཟད་གླེང་བ།》 《སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་དང་བོད་ཀྱི་སྲོལ་ཁྲིམས་རིག་གནས་བར་གྱི་འབྲེལ་བ་སྐོར་རགས་ཙམ་གླེང་བ།》 《སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ཁྲོད་བོད་མིའི་ཁྲིམས་རིག་གནས་ཀྱི་རིན་ཐང་སྐོར་གླེང་བ།》《བོད་སྔ་རབས་ཀྱི་གཞུང་དོན་གྲོས་བསྡུར་བྱེད་པའི་གྲོས་ཚོགས་ལམ་ལུགས་ཀྱི་བྱེད་ནུས་མདོ་ཙམ་བརྗོད་པ།》 《བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྲིམས་སྐྱོང་རིག་གནས་བསད་པ་སྟོང་གི་ཞལ་ལྕེའི་དགེ་སྐྱོན་གླེང་བ།》 《ཁྲིམས་ལུགས་དང་ཁྲིམས་སྐྱོང་བར་གྱི་འབྲེལ་བ་མདོ་ཙམ་དཔྱད་པ།》《ཀུན་སྤྱོད་ལས་བཅའ་ཁྲིམས་བྱུང་བ་ལ་དཔྱད་པ།》 《མི་རིགས་ཁྲིམས་རིག་པ་ཞིབ་འཇུག་བྱེད་པར་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བསམ་གཞིགས། 》སོགས་ཁྲིམས་རིག་པའི་དཔྱད་རྩོམ་བཞི་བཅུ་ལྷག་སྤེལ་མྱོང་།
《སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་དང་བོད་ཀྱི་ཁྲིམས་ལུགས་རིག་གནས་བར་གྱི་འབྲེལ་བར་ཞིབ་འཇུག》ཅེས་པ་པར་སྐྲུན་བྱས་ཟིན་པ་དང་། 《ཀྲུང་གོའི་གྲངས་ཉུང་མི་རིགས་ཁྲིམས་ལུགས་ལོ་རྒྱུས》དེ་མིན་ཁོང་གིས་ད་ལྟའི་བར་དུ་བྲིས་པའི་ཁྲིམས་ལུགས་རིག་པའི་ཐད་ཀྱི་དཔྱད་རྩོམ་དག་ཀྱང་འགྲེམ་སྤེལ་བྱེད་རྩིས་ཡོད།
མདོ་འཛིན་པ་དང་རྩོམ་སྒྲིག་པ། སྟོབས་ལྡན་བཀྲ་ཤིས།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
སྐུ་ཉིད་ལ་ཁྲིམས་ལུགས་ཐད་དུ་རོགས་སྐྱོར་མཁོ་ཚེ་ང་ཚོ་དང་འབྲེལ་གཏུག་བྱ་རོགས།
འབྲེལ་གཏུག་ཁ་པར། ཤ་བོ་སྐྱབས། 13997266890སྐད་འཕྲིན། 13997266890
སྟོབས་ལྡན་བཀྲ་ཤིས། 17797088309སྐད་འཕྲིན། 770583228