རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོ་སྐབས་བརྒྱད་པ།
2019.12.02 ཁུངས། ཀློག་གྲངས། 211

༢༠༡༢ལོའི་ཟླ༡༢་པའི་ཚེས༢ཉིན་ནས་བཟུང་རང་རྒྱལ་དུ་འགྲམ་འགྲུལ་བདེ་འཇགས་ཉིན་མོ་གཏན་འཁེལ་བྱས་པ་བཟུང་ད་བར་དུ་བསྟུད་མར་ལོ་བརྒྱད་ལ་རྒྱལ་ཡོངས་བདེ་འཇགས་ཉིན་མོ་སྤེལ་པ་རེད། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་མི་དམངས་མང་ཚོགས་ཀྱི་ཉིན་རྒྱུན་འཚོ་བའི་དགོས་མཁོར་དམིགས་ནས་འགྲིམ་འགྲུལ་ཡོ་ཆས་སྣ་མང་ཕུན་སུམ་ཇེ་ཚོགས་སུ་སོང་བའི་དགོས་དབང་གིས་འགྲིམ་འགྲུལ་ཐད་ཀྱི་བདེ་འཇགས་ནི་སྤྱི་ཚོགས་ཡོངས་ནས་དོ་ཁུར་བྱ་ཆེད། ལོ་རེ་རེའི་ཟླ་༡༢་པའི་ཚེས༢ཉིན་འགྲིམ་འགྲུལ་བདེ་འཇགས་ཉིན་མོར་གཏན་འཁེལ་བྱས་ཏེ། འགྲིམ་འགྲུལ་ཐད་ཀྱི་སྒྲིག་སྲོལ་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས། ཡ་རབས་ཚད་ལྡན་གྱི་འདུ་ཤེས་སོགས་སྔར་ལས་ཇེ་ལེགས་སུ་བཏང་སྟེ། བགྲོད་ལམ་འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བཟང་བོ་བྱེད་ཆེད། ཀུན་གྱིས་འགྲིམ་འགྲུལ་བདེ་འཇགས་ལ་མཐོང་ཆེན་བྱེད་དགོས། 

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་པ་ཡན་ལག་རུ་ཁག་གིས་རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་ཉིན་མོར་འགྲིམ་འགྲིམ་བདེ་འཇགས་ཐད་ཀྱི་བཅའ་ཁྲིམས་དང་སྒྲིག་སྲོལ་དྲིལ་སྒྲོག་བྱས་པ།

ད་ལོའི་རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་ཉིན་མོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱེད་མཁན། མཚོ་སྐྱེས་རྡོ་རྗེ།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་སྤྱི་བདེ་འགྲིམ་འགྲུལ་རུ་ཆེན་གྱི་འགྲིམ་འགྲུལ་ཉེན་རྟོག་པ་ཤ་མོ་བཀྲ་ཤིས་ཀྱིས་རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོར་ས་གནས་མང་ཚོགས་དང་ཁ་ལོ་བ་རྣམས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་གལ་ཆེན་རང་བཞིན་སྐོར་གསལ་བཤད་བྱེད་བཞིན་པ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་དང་གུང་ཧོ་རྫོང་སྤྱི་བདེ་འགྲིམ་འགྲུལ་རུ་ཆེན་གཉིས་ཀྱིས་མཉམ་འབྲེལ་སྒོས་ད་ལོའི་རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོར་རིག་རྩལ་འཁྲབ་སྟོན་སོགས་བྱ་འགུལ་སྣ་ཚོགས་ལ་བརྟེན་ནས་སྒྲིག་སྲོལ་རྩིས་ནས་ཉེན་ཁ་སེལ་བ།  བདེ་འཇགས་ཡ་རབས་ཀྱིས་ཕྱིར་བསྐྱོད་བྱེད་པ་ད་ལོའི་བརྗོད་བྱ་ཡིན་པའི་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་ཤེས་བྱ་སྣ་ཚོགས་དྲིལ་སྒྲོག་བྱས།

གདན་ཞུའི་སྐུ་མགྲོན།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྤྱི་བདེ་འགྲིམ་འགྲུལ་རུ་ཆེན་གྱི་འགྲིམ་འགྲུལ་ཉེན་རྟོག་པ།  ལྷ་ལུང་ཚེ་རིང་།

མདོ་འཛིན་པ་དང་རྩོམ་སྒྲིག་པ། སྟོབས་ལྡན་བཀྲ་ཤིས།

རྩོམ་སྒྲིག་འགན་ཁུར་བ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།

འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་འགྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201

ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766   སྐད་འཕྲིན། 309058444

སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས།  15597675771 སྐད་འཕྲིན། 610117993

སྟོབས་ལྡན་བཀྲ་ཤིས། ཁ་པར་ཨང་གྲངས། 17797088309 སྐད་འཕྲིན། 770583228

རྩ་གཉིས་ཨང་བཤེར་འདི་མནན་ནས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱས་ཆོག