ལོ་སར་སྐབས་ཁ་ལོ་བས་གཟབ་གཟབ་གནང་དགོས་ཚུལ་སྐོར།
2020.01.16 ཁུངས། ཀློག་གྲངས། 1669

མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་ཟླ1པའི་ཚེས17ཉིན་གྱི་དུས་ཚོད19དང་སྐར་མ20སྟེང་སྤེལ་བའི་གནས་ཚུལ་ལྟར་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་སྨོན་གྲོང་རྡལ་ནས་ཆབ་ཆ་གྲོང་རྡལ་ཕྱོགས་སུ་བགྲོད་སའི་ལྕང་ལུང་ཕུག་ལམ་དུ་ཆུ་ཤོར་ནས་དར་ཆགས་ཡོད་པ་དང་། དེ་གར་རླངས་འཁོར་ཤར་གཏོང་བྱ་མི་ཐུབ་པས་རེ་ཞིག་འགྲིམ་འགྲུལ་དོ་དམ་བྱས་ཡོད་པ་དང་། ཆབ་ཆ་གྲོང་རྡལ་ཕྱོགས་སུ་འགྲོ་བའི་རླངས་འཁོར་དག་རིག་སྨོན་གྲོང་རྡལ་གྱི་ལམ་རིན་བསྡུ་ཚིགས་ནས་རྒྱལ་ལམ109སྟེང་ཞུགས་ནས་འགྲོ་དགོས་པ་ཁྱབ་བསྒྲགས་བྱས་འདུག  ༼   གོང་གསལ་གྱི་འདྲ་པར་དག་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་ཐད་གཏོགས་རུ་ཆེན་གྱིས་འདོན་སྤྲོད་བྱས་པ་ཡིན།  ༽      

ཐེངས་འདིའི་ལེ་ཚན་ཁྲོད་ལམ་གྱི་གནས་ཚུལ་འདོན་སྤྲོད་བྱེད་མཁན། མཚོ་ལྷོ་བོད་རིགས་་རང་སྐྱོང་ཁུལ་གུང་ཧོ་རྫོང་སྤྱི་བདེ་འགྲིམ་འགྲུལ་རུ་ཆེན་གྱི་འགྲིམ་འགྲུལ་ཉེན་རྟོག་པ་ལྷ་ལུང་ཚེ་རིང་།

ཐེངས་འདིའི་ཁ་པར་སྐུད་ལམ་གྱི་གདན་ཞུའི་སྐུ་མགྲོན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ཁྲིམས་སྲོལ་སློབ་གསོ་ཁང་གི་དགེ་རྒན་འབུམ་ཐར།

མདོ་འཛིན་པ་དང་རྩོམ་སྒྲིག་པ། སྟོབས་ལྡན་བཀྲ་ཤིས།

རྩོམ་སྒྲིག་འགན་ཁུར་བ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།

འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་འགྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201

ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766   སྐད་འཕྲིན། 309058444

སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས།  15597675771 སྐད་འཕྲིན། 610117993

སྟོབས་ལྡན་བཀྲ་ཤིས། ཁ་པར་ཨང་གྲངས། 17797088309 སྐད་འཕྲིན། 770583228

རྩ་གཉིས་ཨང་བཤེར་འདི་མནན་ནས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱས་ཆོག