ཡུལ་ཤུལ་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་རུ་ཆེན་ཁྲིམས་སྲོལ་སློབ་གསོ་ཁང་གིས་ས་གནས་མང་ཚོགས་ལ་འགྲིམ་འགྲུལ་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་དུ་བཏང་བའི་སྐོར།
2020.03.03 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 488

ཁྲིན་ཏུའུ་ནས་ཟི་ལིང་བར་གྱི་ལྕགས་ལམ་ཟླ་3པའི་ཟླ་མཇུག་གི་སྔོན་ལ་ལས་འགོ་བརྩམ་རྒྱུའི་རེ་བ་ཡོད།

ཟླ་3ཚེས་2ཉིན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་འབྱོར་བའི་གནས་ཚུལ་ལྟར་ན། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་ཀྲུང་གོའི་ལྕགས་ལམ་གྱི་རྩད་ཞིབ་ཇུས་འགོད་ཁང་དང་པོར་མངགས་བཅོལ་བྱས་ཏེ་ལན་ཀྲིག་ནས་ཟི་ལིང་བརྒྱུད་དུ་མཚོ་སྔོན་པོའི་བར་གྱི་ལྕགས་ལམ་འགྲིམ་འགྲུལ་འཛུགས་སྐྲུན་གྱི་ཞིབ་འཇུག་ལས་དོན་སྤེལ་བ་དང་། མིག་སྔར་ཇུས་འགོད་སྡེ་ཁག་གིས་དཔྱད་གཞི་འཚོལ་སྡུད་ཀྱི་ལས་དོན་སྤེལ་བཞིན་ཡོད་ལ། རིམས་ནད་ཀྱི་གནས་ཚུལ་གཏན་འཇགས་སུ་སོང་ རྗེས།ཡུལ་དངོས་ལ་རྩད་ཞིབ་བྱེད་རྒྱུ་རེད།

ལན་ཀྲིག་གྲོང་ཁྱེར་ནས་མཚོ་སྔོན་པོའི་བར་གྱི་ལྕགས་ལམ་འགྲིམ་འགྲུལ་ལས་གཞི་དེའི་ཁྲོད་དུ། ལན་ཀྲིག་གྲོང་ཁྱེར་ནས་འགོ་བརྩམས་ཏེ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མེན་ཧི་རྫོང་དང་ལི་ཏུའུ་ཆུའུ་བརྒྱུད་རྗེས། ཚའོ་ཅ་པུའུ་འགྲིམ་འགྲུལ་གྱི་ལྟེ་བ་བརྒྱུད་ནས་ཟི་ལིང་གྲོང་ཁྱེར་དང་སྟོང་སྐོར་རྫོང་བརྒྱུད་དེ་མཚོ་སྔོན་པོ151ལྗོངས་ཁུལ་བར་ལྕགས་ལམ་ལས་རྒྱུ་ཡིན་པ་དང་། (རྗེས་ཕྱོགས་ཚྭ་ཁའི་ལྗོངས་ཁུལ་བར་ལྕགས་ལམ་ལས་རྒྱུ་རེད། )ལས་གཞི་དེ་འཛུགས་སྐྲུན་བྱས་རྗེས། ཕྱོགས་གཅིག་ནས་ལན་ཀྲིག་ནས་མཚོ་སྔོན་པོའི་བར་གྱི་མེ་འཁོར་ཤར་གཏོང་བྱ་ཐུབ་པ་མ་ཟད། ཞི་ཨན་དང་།ནཁྲིན་ཏུའུ།པེ་ཅིང་སོགས་ས་ཆའི་ལྟ་སྐོར་བ་མེ་འཁོར་ནང་བསྡད་དེ་རྒྱལ་ཡོངས་སུ་སྐད་གྲགས་ཆེ་བའི་མཚོ་སྔོན་པོ་དང་ཚྭ་ཁ་ལ་སོགས་པའི་མཛེས་ལྗོངས་ཁུལ་དུ་ཐོན་ཐུབ་པར་བྱས་ཏེ། རང་ཞིང་གི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་ཐུབ། 

ཟླ་གསུམ་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་བཅུ་གཅིག་པ་བསྡུས་པ་དང་། ཚོགས་ཐོག་ནས་ས་གནས་ཁག་གིས་གནས་ཚུལ་ལྟར་ཟླ་3པའི་ཚེས9ཉིན་གྱི་རྗེས་སུ་སློབ་མགོ་བརྩམ་པའི་འབྲེལ་ཡོད་གནས་ཚུལ་བཀོད་སྒྲིག་བྱས། 

གདན་ཞུའི་སྐུ་མགྲོན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་རུ་ཆེན་གྱི་ཁྲིམས་སྲོལ་སློབ་གསོ་ཁང་གི་དགེ་རྒན་འབུམ་ཐར།

མདོ་འཛིན་པ་དང་རྩོམ་སྒྲིག་པ།སྟོབས་ལྡན་བཀྲ་ཤིས།

རྩོམ་སྒྲིག་འགན་ཁུར་བ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།

འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་འགྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201

ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766   སྐད་འཕྲིན། 309058444

སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས།  15597675771 སྐད་འཕྲིན། 610117993

སྟོབས་ལྡན་བཀྲ་ཤིས། ཁ་པར་ཨང་གྲངས། 17797088309 སྐད་འཕྲིན། 770583228

རྩ་གཉིས་ཨང་བཤེར་འདི་མནན་ནས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱས་ཆོག