མདོ་འཛིན་པ་དང་རྩོམ་སྒྲིག་པ། ཟླ་བཟང་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་བ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་བ། ལྷ་བརྟན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།
འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་འགྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201
ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766 སྐད་འཕྲིན། 309058444
སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས། 15597675771 སྐད་འཕྲིན། 610117993
སྟོབས་ལྡན་བཀྲ་ཤིས། ཁ་པར་ཨང་གྲངས། 17797088309 སྐད་འཕྲིན། 770583228
རྩ་གཉིས་ཨང་བཤེར་འདི་མནན་ནས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱས་ཆོག
མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོར་གྲོང་རྡལ་གྱི་བགྲོད་ལམ་འགྲིམ་འགྲུལ་ཐད་ཀྱི་སྒྲིག་ལམ་སྔར་ལས་ཚད་ལྡན་དུ་གཏོང་ཆེད་དང་། རྟ་བོར་གྲོང་རྡལ་གྱི་མངའ་ཁོངས་བདེ་འཇགས་དང་གོ་རིམ་ལྡན་པ། ཤར་གཏོང་བྱེད་ཐུབ་པ། མི་དམངས་མང་ཚོགས་ཀྱི་བློར་འབབ་པའི་འགྲིམ་འགྲུལ་ཁོར་ཡུག་ཅིག་བསྐྲུན་ཆེད། མགོ་ལོག་ཁུལ་སྤྱི་བདེ་ཅུས་འགྲིམ་འགྲུལ་ཡན་ལག་རུ་ཁག་གིས་འཕྲུལ་སྒུལ་འཁོར་ལོའི་རིགས་གང་འདོད་དུ་འཇོག་མཁན་ལ་《ཀྲུང་ཧྭ་མི་དམངས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་དྲུག་དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》གི་དོན་ཚན་རེ་གསུམ། 《ཀྲུང་ཧྭ་མི་དམངས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་དགུ་བཅུ་ཐམ་པའི་གཏན་འཁེལ་ལྟར་ཆད་པ་གཅོད་རྒྱུ་ཡིན། 2020ལོའི་ཟླ4པའི་ཚེས10ཉིན་ནས་བཟུང་ལམ་འགྲམ་དུ་རྟགས་སེར་པོ་བརྒྱབ་ཡོད་སར་དང་འཕྲུལ་སྒུལ་འཁོར་བཞག་མི་ཆོག་པའི་མཚོན་རྟགས་ཡོད་སར་འཕྲུལ་སྒུལ་འཁོར་ལོའི་རིགས་བཞག་མི་ཆོག འཕྲུལ་སྒུལ་འཁོར་ལོའི་རིགས་སྒྲིག་འགལ་གྱིས་བཞག་ཚེ་ཡུལ་དངོས་གློག་མིག་གིས་པར་ལེན་ངེས་ཡིན།
རྟ་བོར་གྲོང་རྡལ་གྱི་གཤམ་གསལ་ས་གནས་སུ་འཕྲུལ་སྒུལ་འཁོར་ལོ་འཇོག་མི་ཆོག
གཅིག མི་རིགས་སློབ་འབྲིང་གཉིས་པའི་རྨ་ཆུའི་ལམ་གྱི་ནུབ་ལྷོ་ངོས་སུ་འཇོག་མི་རུང་།
གཉིས།ཁུལ་དྲག་ཆས་ཉེན་རྟོག་ཡན་ལག་རུ་ཁག་གི་རྨ་ཆུའི་ལམ་གྱི་ལྷོ་ངོས་སུ་འཇོག་མི་རུང་།
གསུམ།འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་རྨ་ཆུའི་ལམ་གྱི་ནུབ་ལྷོའི་ངོས་སུ་འཇོག་མི་རུང་།
བཞི། ཁུལ་སྤྱི་བདེ་ཅུས་མཐུན་སྒྲིལ་ལམ་གྱི་ཤར་བྱང་ངོས་སུ་འཇོག་མི་རུང་།
ལྔ། ཁུལ་སྣེ་ལེན་ལྟེ་གནས་ཀྱི་མཐུན་སྒྲིལ་ལམ་གྱི་ཤར་བྱང་ངོས་སུ་འཇོག་མི་རུང་།
དྲུག ཁུལ་མི་དམངས་སྲིད་གཞུང་གི་མཐུན་སྒྲིལ་ལམ་གྱི་ཤར་བྱང་ངོས་སུ་འཇོག་མི་རུང་།
བདུན།ཁུལ་མི་ཤུགས་ཐོན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཤར་བྱང་ངོས་འཇོག་མི་རུང་།
བརྒྱད། སྔོན་ཆད་ཀྱི་ཁུལ་སྨན་ཁང་མཐུན་སྒྲིལ་ལམ་གྱི་ཤར་བྱང་ངོས་སུ་འཇོག་མི་རུང་།
དགུ རྫོང་མི་དམངས་སྲིད་གཞུང་གི་གངས་རི་ལམ་གྱི་ནུབ་ལྷོའི་ངོས་སུ་འཇོག་མི་རུང་།
བཅུ། མི་རིགས་སློབ་ཆུང་དང་པོའི་དགའ་བདེ་ལམ་གྱི་བྱང་ངོས་སུ་འཇོག་མི་རུང་།
བཅུ་གཅིག མི་རིགས་སློབ་ཆུང་གཉིས་པའི་གྲོང་སྐོར་ལྷོ་ལམ་གྱི་ནུབ་བྱང་ངོས་སུ་འཇོག་མི་རུང་།
བཅུ་གཉིས། མི་རིགས་སློབ་ཆུང་གསུམ་པའི་གངས་རི་བྱང་ལམ་གྱི་ལྷོ་ངོས་སུ་འཇོག་མི་
བཅུ་གསུམ། ཁུལ་བྱིས་བཅོལ་ཁང་གི་རིག་གནས་ལམ་གྱི་ཤར་ལྷོའི་ངོས་འཇོག་མི་རུང་།
བཅུ་བཞི། ཁུལ་མི་རིགས་སློབ་འབྲིང་གི་དར་ལག་གྱི་ལམ་གྱི་བྱང་ངོས་སུ་འཇོག་མི་རུང་།
བཅོ་ལྔ། གློག་དྲ་ཀུང་ཟིའི་ལྟག་སྒོ་གྲོང་ཁྱེར་སྐོར་ལམ་གྱི་ནུབ་བྱང་ངོས་སུ་འཇོག་མི་རུང་།
བཅུ་དྲུག ཁུལ་ཁྲིམས་ཁང་གི་གཞིས་ཁུལ་པདྨ་ལམ་གྱི་ནུབ་བྱང་ངོས་འཇོག་མི་རུང་།
བཅུ་བདུན། ཁུལ་སྨན་ཁང་གི་གྲོང་སྐོར་ནུབ་ལམ་གྱི་ནུབ་ལྷོའི་ངོས་སུ་འཇོག་མི་རུང་།
བཅོ་བརྒྱད། རླངས་འཁོར་ས་ཚིགས་ཀྱི་བཞི་མདོ་གྲོང་སྐོར་ནུབ་ལམ་གྱི་ནུབ་ལྷོའི་ངོས་སུ་འཇོག་མི་རུང་།
བཅུ་དགུ བདེ་སྐྱིད་གཞིས་ཁུལ་བཅིངས་འགྲོལ་ལམ་གྱི་ནུབ་བྱང་ངོས་འཇོག་མི་རུང་།
མགོ་ལོག་ཁུལ་སྤྱི་བདེ་ཅུས་འགྲིམ་འགྲུལ་ཡན་ལག་རུ་ཁག་ནས།
སྤྱི་ལོ2020ལོའི་ཟླ4པའི་ཚེས7ཉིན།