རྒྱལ་ཡོངས༡༢༢འགྲིམ་འགྲུལ་བདེ་འཇགས་ཉིན་མོ་སྟེ།“ཉེན་ཁ་ངོས་ཟིན་ཏེ་ཉེན་ཁ་ལ་གཡོལ་ནས་ཡ་རབས་བདེ་འཇགས་ངང་བགྲོད་པ་”ཞེས་པའི་བརྗོད་དོན་བྱ་འགུལ་ཐེངས་དགུ་བ།
དེ་རིང་སྟེ། སྤྱི་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན། ཀྲུང་དབྱང་གི་པུའུ་ཨུ་བརྒྱད་ཀྱིས་རྒྱལ་ཡོངས༡༢༢འགྲིམ་འགྲུལ་བདེ་འཇགས་ཉིན་མོ་བརྗོད་དོན་ཡིན་པའི་བྱ་འགུལ་ཐེངས་དགུ་བ་སྤེལ་བའི་སྐོར་གྱི་བརྡ་ཐོའི་བླང་བྱ་ལྟར། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་དང་། ཞིང་ཆེན་དྲ་འཕྲིན་གཞུང་སྒྲུབ་ཁང་།ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ཁྲིམས་འཛིན་ཐིན།ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན།གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་རྒྱལ་ཡོངས༡༢༢འགྲིམ་འགྲུལ་བདེ་འཇགས་ཉིན་མོ་ཐེངས་དགུ་བའི་དྲིལ་སྒྲོག་བྱེད་སྒོ་དེ་མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དུ་སྤེལ། ཚོགས་ཐོག་ཏུ་མཚོ་ལྷོ་དང་རྨ་ལྷོ། མགོ་ལོག ཡུས་ཧྲུའུ། མཚོ་བྱང་། མཚོ་ནུབ། མཚོ་ཤར་སོགས་འགྲིམ་འགྲུལ་ཉེན་རྟོག་ལས་ཁུངས་བཅུ་གཅིག་གི་འཐུས་ཚབ་མི་སྣ་སུམ་བརྒྱ་ལྷག་ཞུགས།
ཚོགས་ཐོག་ཏུ་བདམས་ཐོན་བྱུང་བའི་མཚོ་སྔོན་གྱི་ཆེས་མཛེས་པའི་འགྲིམ་འགྲུལ་ཉེན་རྟོག་པ་བཅུ།
ཚོགས་ཐོག་ཏུ་བདམས་ཐོན་བྱུང་བའི་མཚོ་སྔོན་གྱི་ཆེས་མཛེས་པའི་རླངས་འཁོར་ཁ་ལོ་བ་བཅུ།
གདན་ཞུའི་སྐུ་མགྲོན། རིག་འཛིན་རྒྱ་མཚོ།གུང་ཧོ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་འགྲིམ་འགྲུལ་ཉེན་རྟོག་པ།
གདན་ཞུའི་སྐུ་མགྲོན།པད་མ་མགུར་འབུམ།ཐུན་ཏེ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་འགྲིམ་འགྲུལ་ཉེན་རྟོག་པ།
གདན་ཞུའི་སྐུ་མགྲོན། འབུམ་ཐར། ཡུས་ཧྲུའུ་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་འགྲིམ་འགྲུལ་ཉེན་རྟོག་པ།
གདན་ཞུའི་སྐུ་མགྲོན། ཤ་མོ་བཀྲ་ཤིས། རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་འགྲིམ་འགྲུལ་ཉེན་རྟོག་པ།
མདོ་འཛིན་པ་དང་རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།
ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།
འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་འགྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201
ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766 སྐད་འཕྲིན། 309058444
སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས། 15597675771 སྐད་འཕྲིན། 610117993
སྟོབས་ལྡན་བཀྲ་ཤིས། ཁ་པར་ཨང་གྲངས། 17797088309 སྐད་འཕྲིན། 770583228
རྩ་གཉིས་ཨང་བཤེར་འདི་མནན་ནས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱས་ཆོག