གདན་ཞུའི་སྐུ་མགྲོན། དུང་ཟིན་རྒྱལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་སྤྱི་བདེ་ཅུའུ་ཉེན་རྟོག་པ།
ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཁ་ལོ་བའི་འཛིན་ཡིག་ལེན་པར་མགོ་གཡོག་མགོ་སྐོར་ཐེབས་པའི་གྱོད་གཞི་ཞིག་རྩད་ཆོད་ཡོད་པ་དང་། དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས་འདུག ད་སྔ། དོགས་ཡོད་ཉེས་ཅན་ལ་མགོ་སྐོར་ཀྱི་ཉེས་བསགས་དོགས་གཞི་ཡོད་པས། གྱོད་གཞི་སྔར་ལས་འདྲི་ཞིབ་དང་སྔོག་འདོན་བྱེད་བཞིན་པའི་སྒང་རེད། སྤྱི་བདེ་ཉེན་རྟོག་པས་རྒྱ་ཆེའི་ཁ་ལོ་བ་རྣམས་ལ། ཚད་ལྡན་གྱི་ཁ་ལོ་བའི་སློབ་གྲྭར་ཐོ་འགོད་བྱས་ཏེ་ཁ་ལོ་བའི་འཛིན་ཡིག་ལེན་པ་ལས། ཁ་ལོ་བའི་འཛིན་ཡིག་ཉོས་ཆོག་ཅེས་པའི་དཀྲོག་གཏམ་སྣ་ཚོགས་ལ་ཡིད་ཆེས་བྱ་མི་རུང་བ་དང་། རང་གི་རྒྱུ་ནོར་ལ་གྱོང་གུད་འབྱུང་བར་དོགས་ཟོན་བྱེད་དགོས་པའི་འབོད་སྐུལ་
བཏང་འདུག ༼ འདྲ་པར་རྐང་ཚ་རྫོང་སྤྱི་བདེ་སྤྱི་སྟེགས་ལས་བཤུས། ༽
གདན་ཞུའི་སྐུ་མགྲོན། ལྷ་མཆོག མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་འགྲིམ་འགྲུལ་ཉེན་རྟོག་པ།
མདོ་འཛིན་པ་དང་རྩོམ་སྒྲིག་པ། སྟོབས་ལྡན་བཀྲ་ཤིས།
རྩོམ་སྒྲིག་འགན་ཁུར་བ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།
འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201
ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766 སྐད་འཕྲིན། 309058444
སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས། 15597675771 སྐད་འཕྲིན། 610117993
སྟོབས་ལྡན་བཀྲ་ཤིས། ཁ་པར་ཨང་གྲངས། 17797088309 སྐད་འཕྲིན། 770583228
རྩ་གཉིས་ཨང་བཤེར་འདི་མནན་ནས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱས་ཆོག