ས་དཀར་མཁར་ལོ་རྒྱལ། ༡༩༨༠ལོར་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་ནས་སྐྱེས། སློབ་གྲྭ་ཆུང་འབྲིང་གི་གོ་རིམ་བརྒྱུད། ༢༠༠༥ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་སྒྱུ་རྩལ་སྡེ་ཁག་སྒྱུ་རྩལ་ཇུས་འགོད་འཛིན་གྲྭ་ནས་སློབ་མཐར་ཕྱིན། ལོ་དེར་བྱ་བར་ཞུགས། ཆུང་དུས་ནས་རི་མོ་དང་པར་ལེན་ཕྱོགས་ལ་ཧ་ཅང་དགའ་བོ་ཡོད། པར་རིས་བརྩམས་ཆོས་ལ་ཞིང་ཆེན་ཕྱི་ནང་གི་འགྲན་བསྡུར་ཁྲོད་བྱ་དགའ་རེ་གཉིས་ཀྱང་ཐོབ་མྱོང་། ད་ལྟ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རིག་གནས་ཁང་ན་བྱ་བ་གཉེར་བཞིན་ཡོད་ལ། མཚོ་སྔོན་ཞིང་ཆེན་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི་དང་། རྨ་ལྷོ་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཡིན།
ལེ་ཚན་འདི་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་སྒྲུབ་བྱས་པ་ཡིན།
རྩོམ་སྒྲིག་པ་དང་མདོ་འཛིན་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།