གཅོད་པ་ཐར། ན་གཞོན་རྩོམ་པ་པོ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཞོལ་མ་ཡུལ་ཚོ་སྟག་ལུང་སྡེ་བར་སྐྱེས། མཐོ་འབྲིང་མཐར་ཕྱིན་རྗེས་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས། ཉིས་སྟོང་ཉེར་བཞི་ལོའི་དབྱར་སྟོད་དུ་ལུའུ་ཞུན་རྩོམ་རིག་སློབ་གླིང་གིས་བསྡུས་པའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་གསོ་སྦྱོང་འཛིན་གྲྭར་ཞུགས། མཚོ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོ་སྙན་ངག་སློབ་ཚོགས་ཀྱི་ཚོགས་མི་བཅས་ཡིན། སྔ་ཕྱིར་《སྦྲང་ཆར》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《མཚོ་སྔོན་བོད་ཡིག་གསར་འགྱུར》《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》《བོད་ལྗོངས་ཉིན་རེའི་ཚགས་པར》སོགས་ཀྱི་སྟེང་དུ་རྩོམ་ལུས་སྣ་མང་བཀོད་མྱོང་། ད་ལྟ་སྟག་ལུང་སྡེ་བའི་རུ་ཁག་ཅིག་གི་སྣེ་ཁྲིད་ཞོར་རྩོམ་རིག་གསར་རྩོམ་ལ་འབད་མུས་སུ་མཆིས།
ལེ་ཚན་འདི་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་སྒྲུབ་བྱས་པ་ཡིན།
རྩོམ་སྒྲིག་པ་དང་མདོ་འཛིན་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།