【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ༼སློབ་ཆེན་སློབ་མ་དང་ལས་སྒོ་གསར་སྤེལ༽ཞེས་པའི་ཁག་ལྔ་བ་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་མཚོ་སྔོན་དགེ་ཐོན་སློབ་ཆེན་སྒྲོན་མེ་ཡིག་ཆས་ལས་སྒྲུབ་ཁང་གི་སློབ་གྲོགས་གྲོའུ་རོང་བེ་དང་མགོན་ཕྲུག་གཉིས་ཡིན།
【ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་དུ་ཉན་མཁན་གང་རུང་གི་ཁ་པར་ལེ་ཚན་ཐད་གཏོང་ཁང་དུ་སྣེ་ལེན་བྱས་ཏེ་ཆུང་དུས་ཀྱི་རྨི་ལམ་དང་ཕུགས་བསམ་གླེང་བ།
མཚོ་སྔོན་དགེ་ཐོན་སློབ་ཆེན་སྒྲོན་མེ་ཡིག་ཆས་ལས་སྒྲུབ་ཁང་གི་ཐོན་རྫས།
ལེ་ཚན་འདིའི་གདན་ཞུའི་སློབ་གྲོགས་སྒྲོན་མེ་ལས་སྒྲུབ་ཁང་གི་སློབ་གྲོགས་གྲོའུ་རོང་བེ༼གཡས༽དང་སློབ་གྲོགས་མགོན་ཕྲུག༼དཀྱིལ༽གཉིས་ཀྱིས་ལེ་ཚན་ཐད་གཏོང་ཁང་དུ་ཁ་བརྡ་བྱེད་བཞིན་པ།
མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་སྐད་འཕྲིན་ཨང་གྲངསnjj169682 ལ་འབྲེལ་རྒྱུ་དང་ཡང་ན་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་བཀོད་ཆོག གཞུང་སྒྲུབ་ཁང་གི་ཁ་པར་ཨང་གྲངས།09716329322