ཐེངས་འདིའི་ལེ་ཚན་ཚན་པ་གསུམ་དུ་བཀར་ཡོད། ཚན་པ་དང་པོ༼ངག་འཕྲིན་གཞོན་ནུའི་སེམས་སྒྲའི༽ནང་དུ་ཁ་བྱང་ལ༼སློབ་གཉེར་ལམ་གྱི་བསམ་གཞིག༽ཅེས་པ་བཀོད་སྒྲིག་བྱས་ཡོད་ལ། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་བློན་བན་མཁར་ཡིན། ཚན་པ་གཉིས་པ༼ང་ཡི་ལང་ཚོའི་རྨི་ལམ༽ནང་དུ་ཁ་བྱང་ལ༼ལང་ཚོའི་རྨི་ལམ་ལས་འཁྲུངས་པའི་གླུ་སྐད་གསར་བ༽ཞེས་པའི་བཅར་འདྲི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་གཞོན་སྐྱེས་གཞས་པ་དཔལ་ཆེན་དཔང་རྒྱལ་ཡིན།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་བློན་བན་མཁར།
བོད་ཀྱི་གཞོན་སྐྱེས་གཞས་པ་དཔལ་ཆེན་དབང་རྒྱལ།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།