སློབ་རའི་འགྱུར་ཁུགས་སྐབས༼༢༠༢༣༽པ།༼ང་དང་གཟའ་མཇུག་གི་འཚོ་བ།༽
2016.12.02 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 22

 【སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགོད་པ་སངས་རྒྱས་རྒྱལ་དང་མཚོ་སྔོན་མི་རིགས་སློབ་ཆེནགྱི་སློབ་རའི་གསར་འགོད་པ་འཇམ་དབྱངས། ལྷོ་ནུབ་མི་རིགས་སློབ་ཆེནགྱི་སློབ་རའི་གསར་འགོད་པ་ཡུམ་སྐྱབས་རྒྱལ། གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་བཀྲ་ཤིས་རབ་བརྟན། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་ཁྲང་མེ་སྐྱིད་སོགས་ཀྱིས་འདས་ཟིན་པའི་གཟའ་འཁོར་གཅིག་རིང་གི་རང་རང་གི་སློབ་གླིང་སོ་སོའི་གསར་འགྱུར་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་སྤེལ་ཡོད།

【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ༼ང་དང་གཟའ་མཇུག་གི་འཚོ་བ༽ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་པདྨ་ཚེ་རིང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ཤ་བོ་རྒྱལ། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་འཕྲིན་ལས་ལྷུན་འགྲུབ་བཅས་ཡིན།

E5AB88DEEED753E3F25CE6F6E445F5C6.jpg

གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་༡༢.༡ཨེ་འགོག་ཤེས་བྱའི་འཆད་ཁྲིད་དང་ཤེས་རིག་འགྲན་གླེང་གི་བྱ་འགུལ།

C41947B3E45CDEB341651994E6235447.jpg

ལེ་ཚན་འདིའི་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་གདན་ཞུའི་སྐུ་མགྲོན་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་པད་མ་ཚེ་རིང་།

4D2A08FDB3C536A9B501C2FCA7CD9DC8.jpg

ལེ་ཚན་འདིའི་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་གདན་ཞུའི་སྐུ་མགྲོན་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ཤ་བོ་རྒྱལ།

9A20F5B88BDBD6E5AA6686686F75C1D5.jpg

ལེ་ཚན་འདིའི་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་གདན་ཞུའི་སྐུ་མགྲོན་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་འཕྲིན་ལས་ལྷུན་འགྲུབ།

མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཨ་བརྟན་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་སྐད་འཕྲིན་ཨང་གྲངསnjj169682 ལ་འབྲེལ་རྒྱུ་དང་ཡང་ན་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་བཀོད་ཆོག གཞུང་སྒྲུབ་ཁང་གི་ཁ་པར་ཨང་གྲངས།09716329322