༼སློབ་གསོ་མཁས་བརྒྱའི་དཔྱད་གླེང༽གི་དཔེ་ཀློག་དང་བརྩམས་ཆོས་ཞེས་པའི་ནང་དུ་དཔལ་རྩལ་གདན་ཞུ་བྱས་ཏེ་ཁོས་བརྩམས་པའི༼འཇུ་སྐལ་བཟང་གི་སྙན་ངག་ལ་དཔྱད་པ༽ཞེས་པའི་ཤེས་རམས་པའི་མཐར་ཕྱིན་དཔྱད་རྩོམ་ལས། འཇུ་སྐལ་བཟང་ལགས་ཀྱི་མི་ཚེའི་བྱུང་བ་དང་ཁོང་གི་སྙན་ངག་གི་ཁྱད་ཆོས། རྩོམ་རིག་ཐད་ཀྱི་གྲུབ་འབྲས། ད་དུང་ཁོའི་ཐེངས་འདིའི་དཔྱད་རྩོམ་གྱི་འབྲི་ལུགས་དང་ཁྱད་ཆོས་སོགས་གླེང་ཡོད།
༼ངག་འཕྲིན་གཞོན་ནུའི་སེམས་སྒྲ༽འི་ནང་དུ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ལྷ་རྒོལ་སྐྱབས་ཀྱིས་ཟིན་ཐོ་འགོད་པའི་དགེ་མཚན་དང་། དགུན་གནང་སྐབས་མཚོ་ཤར་ས་ཁུལ་དུ་ཟབ་སྦྱོང་དུ་སོང་བའི་མཐོང་ཐོས་མྱོང་གསུམ་ལས་གནས་དེའི་བོད་སྐད་ཡིག་གི་གནས་བབས་དང་རང་གི་བསམ་ཚུལ་ཙམ་བརྗོད་ཡོད།
དཔལ་རྩལ་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བར་མདོ་སྨད་བྱང་རྒྱུད་ཉི་མ་བླ་བྲང་དང་ཉེ་བའི་བྱེ་གཤོང་ཞེས་པའི་སྡེ་བ་ཆུང་ངུ་ཞིག་གི་ཕ་རུས་མགོ་ལོག་ཀ་བཞི་ལ་སྦྲ་རུས་གཡག་ཡིན་པས་ཀུན་གྱིས་གཡག་ཚང་ཞེས་འབོད་པའི་ཁྱིམ་ཚང་ཕལ་བ་ཞིག་ཏུ་སྐྱེས། ཆུང་ངུའི་དུས་སུ་ཕའི་དྲིན་ལ་ཡི་གེ་འདོན་ཀློག་སོགས་སློབ་གྲྭར་མ་ཕྱིན་གོང་ནས་ལོབས་པར་གྱུར་བས། པདྨ་བཀའ་ཐང་དང་བརྒྱད་སྟོང་བ་སོགས་ཁ་ཏོན་དང་གཏམ་རྒྱུད་དུ་བྱས་ནས་རྟག་པར་བཀླགས། སློབ་གྲྭར་རིམ་ལྟར་ཕྱིན་རྗེས་པེ་ཅིང་གི་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་ཤེས་རམས་པའི་བསླབས་གནས་མཐར་ཕྱིན་ལ། མཐར་ཕྱིན་དཔྱད་འབྲས《འཇུ་སྐལ་བཟང་གི་སྙན་ངག་ལ་དཔྱད་པ》ཞེས་པའི་དེབ་ཆུང་འདི་ཉིད་སློབ་གྲྭ་དེ་གའི་བོད་ཀྱི་རྩོམ་རིག་ཞིབ་འཇུག་གི་ལས་གཞི་ལ་ཚུད་ནས་འགྲེམ་སྤེལ་བྱས། སྙན་ངག་དང་སྒྲུང་སོགས་རེ་གཉིས་བྲིས་མྱོང་ལ། སྒྲུང་གཏམ《ཆར་ཞོད》ཅེས་པར་༢༠༡༣ལོའི་མི་རིགས་རྩོམ་རིག་གི་ལོ་འཁོར་བྱ་དགའ་ཐོབ། གློག་བརྙན་ལ་དགའ་ཞིང་། ལས་ཞོར་དུ་ཕབ་པའི་བརྙན་ཐུང《ཤེས་རབ་ཀྱི་འཛུམ་མདངས》ཞེས་པ་ཀྲུང་གོའི་དངོས་གློག་བརྙན་ཀྱི་ལོ་འཁོར་དུས་སྟོན་སོགས་ལའང་ཚུད་ཡོད། འཛམ་གླིང་རྒྱལ་ཁབ་ཁག་གི་གློག་བརྙན་ལོ་རྒྱུས་བསྡུས་པ་ཞིག་བསྒྲིགས་ནས་ལོ་ངོ་གསུམ་ལྷག་ཕྱིན་ཡོད་ཅིང་། ཁྱོན་སྡོམ་རྒྱལ་ཁབ་བཅུ་བདུན་ཙམ་གྱི་ལོ་རྒྱུས་གོ་བདེ་བར་བསྒྲིགས་ཡོད། ད་ལྟ་སི་ཁྲོན་ཁྲིན་ཏུའུ་རུ་ལས་ཀའི་ཞོར་དུ་དགའ་ཕྱོགས་དེ་ཙམ་གྱིས་རྒྱུན་མ་ལྷོད་པར་བསྡད་ཡོད་དོ།།
དཔལ་རྩལ་གྱི་བརྩམས་ཆོས༼འཇུ་སྐལ་བཟང་གི་སྙན་ངག་ལ་དཔྱད་པ།༽
ལྷ་རྒོད་སྐྱབས་ཀྱིས་སློབ་ཁྲིད་བྱེད་བཞིན་པ།
སློབ་ལ་བརྩོན་པའི་སློབ་གྲོགས་ཆུང་ཆུང་ཚོས་འཚང་ཀ་ཤིག་ཤིག་མིང་ཐོ་བཀོད།
ང་བོད་པའི་བུ་ཡིས་བོད་ལྭ་གྱོན།། ངས་བོད་ལྭ་གྱོན་ཏེ་བོད་སྐད་བཤད།།
རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ །
ཁྲིད་གཏོང་བ། བསམ་གྲུབ་འཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱི་ཁྱབ་ལྟ་སྐུལ་པ། རྣ་བྷ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་གསར་འགྱུར་སྐུར་ནQQ 1834307929ནང་དུ་སྐུར་རྒྱུ་དང་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ།
གཞུང་ལས་ཁང་། 0971 6329322
སྦྲག་སྲིད་ཨང་གྲངས། 810008 青海省西宁市西关大街81号青海人民广播电台藏语频率<<青春风景线 >>栏目