སློབ་རའི་འགྱུར་ཁུགས་སྐབས༼༢༠༥༤༽ཆོལ་གསུམ་བོད་མིའི་སྨོན་འདུན། བོད་ལུགས་ལོ་སར་གྱི་ཆེད་སྒྲིག་ལེ་ཚན།
2017.03.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 32

 ཐེངས་འདིའི་ལེ་ཚན་ནི་བོད་ལུགས་ལོ་སར་ལ་དམིགས་གཏད་པའི་ཆེད་སྒྲིག་ལེ་ཚན་ཞིག་ཡིན། ཆེད་སྒྲིག་ལེ་ཚན་འདིའི་ཁ་བྱང་ལ༼ཆོལ་གསུམ་བོད་མིའི་སྨོན་འདུན༽ཟེར་ཅིང་། ལེ་ཚན་ནང་དུ་ཞུགས་མཁན་ནི་བོད་མདོ་དབུས་ཁམསགསུམ་ནས་ཡིན་པའི་མཐོ་སློབ་ཁག་གི་སློབ་མ་དག་ཡིན་ལ།  དམིགས་སུ་གདན་ཞུ་བྱས་ཡོད་པ་ནི་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་ཞིབ་འཇུག་སློབ་མ་པད་མ་ཚེ་རིང་ལགས་ཀྱིས་ཐེངས་འདིའི་ལེ་ཚན་བརྒྱུད་དེ་དབུས་ཀྱི་ལོ་སར་གཏོང་སྟངས་དང་འབྲེལ་ནས་ཁ་གཡང་སྨོན་ཚིག་ཞུས་ཡོད་པར་མ་ཟད།  རང་ཉིད་ལ་བྱང་ཆ་ལྡན་པའི་སྒྲ་སྙན་གྱི་དབྱངས་རྟ་ལ་དྲངས་ནས་ལྷ་སའི་སྟོད་གཞས་གཉིས་བོད་ཀྱི་གནམ་ལོ་གསར་བའི་བཀྲ་ཤིས་ལེགས་སྐྱེས་སུ་ཕུལ་ཡོད། དེ་མིན་ཆབ་མདོ་བརྙན་འཕྲིན་ཁང་གི་ལས་བྱེད་མི་སྣ་ཨྱོན་ཚེ་རིང་ལགས་ཀྱིས་གཙང་གི་ལོ་སར་སྟངས་ཐད་ནས་ཁ་བརྡ་བྱས་ཡོད། 

IMG_1504.JPG

པད་མ་ཚེ་རིང་།
བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་ཞིབ་འཇུག་སློབ་མ།
ཆེད་ལས། བོད་ཀྱི་དམངས་སྲོལ་རོལ་དབྱངས།
ཕ་ཡུལ། གཞི་རྩེ་ས་ཁུལ་ངམ་རིང་རྫོང་བཟང་བཟང་གྲོང་བརྡལ།

IMG_1915.JPG

ཆབ་མདོ་བརྙན་འཕྲིན་ཁང་གི་ལས་བྱེད་མི་སྣ་ཨྱོན་ཚེ་རིང་ལགས།

མདོ་འཛིན་པ་དང་རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ།  ཆོས་ཕྱུག་རྒྱལ།

སྤྱིའི་ལྟ་སྐུལ་བ། རྣ་བྷ།