དེ་རིང་གི་ལེ་ཚན་ནང་དུ༼སློབ་གསོ་མཁས་བརྒྱའི་དཔྱད་གླེང༽བཀོད་སྒྲིག་བྱས་ཡོད་ལ། བརྗོད་གཞིའི་ཁ་བྱང་ནི༼སློབ་གསོའི་དཀའ་རྙོག་ཁྲོད་ཀྱི་རྩོམ་རིག་སློབ་ཁྲིད༽ཅེས་པ་དེ་ཡིན། གདན་ཞུའི་སྐུ་མགྲོན་ནི་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་་གི་དགེ་རྒན་ཆེན་མོ་གཞོན་པའམ་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་སྨྲེང་བུ་ལགས་ཡིན། ཚན་པ་གཉིས་པ༼ངག་འཕྲིན་གཞོན་ནུའི་སེམས་སྒྲ༽འི་ནང་དུ་ཁ་བྱང་ལ༼བྱིས་སྐྱོང་སློབ་གསོའི་ཐད་ཀྱི་བསམ་གཞིག༽ཅེས་པ་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་ཙག་པ་ཀུན་བཟང་རྡོ་རྗེ་ལགས་ཡིན།
སྐྱེས་མིང་ལ་དོན་གྲུབ་ཚེ་རིང་། སྨྱུག་མིང་ལ་སྨྲེང་བུ། ཕ་ཡུལ་མང་རྫོང་བྱ་མདོ། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་རྩོམ་རིག་ཚན་ཁག་གི་འགན་འཛིན། དགེ་རྒན་ཆེན་མོ་གཞོན་པ། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། བོད་ལྗོངས་ཚངས་དབྱངས་རྒྱ་མཚོ་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་མི།
རྩོམ་པའི་སྐོར་ལ༼ཁང་བ་སྔོན་པོའི་གཏམ་རྒྱུད༽དང་། ༼སྨྲེང་བུའི་འདྲ་འབག༽ཅེས་པ་ཡོད།
དཔྱད་པའི་སྐོར་ལ༼རྩོམ་ཉམས་དཔེ་ཁྲིད༽དང་། ༼བོད་རྩོམ་འཕྱོར་འབྲི་དང་སྒྱུ་རྩལ་མྱོང་རོལ༽ཞེས་པ་ཡོད། བསྒྲིགས་པའི་སྐོར་ལ༼མཁས་པའི་ཞལ་གདམས༽དང་། ༼འཕྲིན་ཡིག་བརྒྱ་རྩ་ཕྱོགས་བསྒྲིགས་མར་མེའི་རྩེ་མོ༽༼ལྷུག་རྩོམ་སུམ་ཅུ་པ་དང་དཔྱད་པ་ཚིག་གསུམ༽༼བོད་སྐད་འཁྲབ་གཞུང་གི་གསར་རྩོམ་དང་མྱོང་རོལ༽༼བོད་ཀྱི་རྩོམ་རིག་ཞིབ་འཇུག༽༼བོད་ཀྱི་དམངས་རྩོམ་མྱུར་སྐྱོབ་ལེགས་བསྒྲིགས་དེབ་ཕྲེང༽ཞེས་པ་ཡོད། བསྒྱུར་བའི་སྐོར་ལ༼འཛམ་གླིང་རྩོམ་རིག་ལོ་རྒྱུས་གནད་བསྡུས༽ཞེས་པ་སོགས་ཡོད་དོ།
ཙག་པ་ཀུན་བཟང་རྡོ་རྗེའམ་སྨྱུག་མིང་དུ་གཡག་གྲུ་གཟིངས་སུ་འབོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།