༼སློབ་གསོ་མཁས་བརྒྱའི་དཔྱད་གླེང༽གི་དཔེ་ཀློག་དང་བརྩམས་ཆོས་ཞེས་པའི་ནང་དུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་འཇམ་དཔལ་ཚེ་བརྟན་ནམ་རྣོ་མིག་གདན་ཞུ་བྱས་ཏེ་ཁོས་བརྩམས་པའི༼རྟོ་གེ་པའི་གཟུང་འཛིན༽ཞེས་པའི་དཔྱད་རྩོམ་དང་ལྷུག་རྩོམ། བསྒྱུར་རྩོམ་བཅས་མཉམ་འདུས་ཀྱི་དཔེ་དེབ་ངོ་སྤྲོད་བྱས་ཡོད། གཞན་ད་རུང་རྭ་རྒྱ་དགོན་དུ་སློབ་གཉེར་གནང་བཞིན་པའི་དམ་ཆོས་རྒྱ་མཚོས་ཁོ་དང་ལས་རིགས་མི་འདྲ་བའི་མི་སྣ་འགའི་གྲུབ་པའི་འོད་སྙེག་མཐུན་གྲོས་ཚོགས་པའི་བྱ་བའི་གནས་ཚུལ་ཞུས་ཡོད།
རྣོ་མིག་ནི། སྤྱི་ལོ1990ལོའི་དབྱར་ཟླ་དྲུག་པའི་ནང་ཕ་ཡུལ་སི་ཁྲོན་རྔ་པ་རྫོང་ཨ་འཁྱམ་སྡེ་བར་སྐྱེས། སྐྱེས་མིང་ལ་འཇམ་དཔལ་ཚེ་བརྟན་ཟེར། ཆུང་དུས་ནས་རིམ་བཞིན་སློབ་གྲྭར་འགྲིམས། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་བོད་ཀྱི་རྩོམ་རིག་དང་བོད་བརྒྱུད་ནང་བསྟན་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་འདོན་བཞིན་མཆིས། མི་ལོ་བརྒྱད་ལ་ཐོས་བསམ་བྱས་པའི་ཉིང་ཁུ་གཞི་གཅིག་བསྡོམས་པའི་འབྲས་རྟགས་ལྟ་བུར༼རྟོག་གེ་པའི་གཟུང་འཛིན༽ཞེས་པའི་བརྩམས་ཆོས་འགྲེམ་སྤེལ་བྱས། གཞན་ད་དུང༼མཁས་དབང་དགེ་འདུན་ཆོས་འཕེལ་དང་འགྲོགས་ནས་རི་བོ་ཧི་མ་ལ་ཡ་བརྒལ་བ༽ཞེས་པའི་མི་སྣ་གཅིག་དང་བརྩམས་ཆོས་གཅིག་གནད་དུ་བཟུང་བའི་དཔྱད་རྩོམ་ཆེད་དེབ་ཞིག་ཀྱང་མི་འགྱང་བར་དགྲམ་པར་ཉེའོ། ། དཔྱད་ཐབས་གསར་བ་དང་དོན་སྙིང་གསར་བ་ཞིག་གི་ངོས་འཛིན་ཐོག་ནས་བོད་རང་གི་སྲོལ་རྒྱུན་རིག་གནས་ལ་འགྲེལ་བཤད་རྒྱག་རྒྱུ་ནི་རིག་གནས་འཛུགས་སྐྲུན་ཐད་ཀྱི་དགོས་མཁོ་གལ་ཆེན་ཞིག་གོ་སྙམ་པའི་ངེས་རྟོགས་ཤིག་གིས་རྐྱེན་བྱས། བོད་ཀྱི་ནང་བསྟན་མཚན་ཉིད་རིག་པ་དང་ནུབ་ཕྱོགས་མཚན་ཉིད་རིག་པར་བརྩོན་འདོད་ཀྱི་འདུན་པ་འགོག་མེད་མཆི། ཡུལ་སྐོར་ལ་འགྲོ་བ་དང་པར་ལེན་པ་ཡང་འཚོ་བའི་དགའ་ཕྱོགས་གཟིམ་དཀའ་བ་ཤིག་ལགས་སོ། །
རྣོ་མིག་གིས་བརྩམས་པའི་༼རྟོག་གེ་པའི་གཟུང་འཛིན༽
འོད་སྙེག་མཐུན་གྲོས་ཀྱིས་བསྒྲུབས་པའི་ཟབ་སྦྱོང་འཛིན་གྲྭ།
དབྱངས་གསལ་ལ་འཁྱུད་པའི་རྣམ་ཤེས་ཞེས་པའི་སྙན་ངག་གྱེར་འདོན་འགྲན་ཚོགས།
དུས་ཀྱི་སྨྲ་ལྕེ་ཞེས་པའི་རིག་གཞུང་བགྲོ་གླེང་།
རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ།
ཁྲིད་གཏོང་བ། ལྷ་མོ་འཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱི་ཁྱབ་ལྟ་སྐུལ་པ། རྣ་བྷ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་གསར་འགྱུར་སྐུར་ནQQ 1834307929ནང་དུ་སྐུར་རྒྱུ་དང་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ།
གཞུང་ལས་ཁང་། 0971 6329322
སྦྲག་སྲིད་ཨང་གྲངས། 810008 青海省西宁市西关大街81号青海人民广播电台藏语频率<<青春风景线 >>栏目