སློབ་རའི་འགྱུར་ཁུགས་སྐབས༼༢༠༦༢༽
2017.03.24 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 41

          ༼སློབ་རའི་གསར་འགྱུར་སྐུད་ལམ༽གྱི་ནང་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་བཀྲ་ཤིས་རབ་བརྟན་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་སྒྲོལ་མ་འཚོ།   ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་རའི་གསར་འགོད་པ་གཡང་སྐྱབས་རྒྱལ་ཆེ་ཆུང་། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགོད་པ་སངས་རྒྱས་རྒྱལ་བཅས་སློབ་ར་བཞིའི་གསར་འགོད་པས་སྐུད་ལམ་དུ་རང་སོ་སོའི་སློབ་གྲྭའི་གསར་འགྱུར་ཐད་བཤད་བྱས་ཡོད།
༼ངག་འཕྲིན་གཞོན་ནུའི་སེམས་སྒྲ༽ཡི་ནང་དུ་ཉན་མཁན་ཚོའི་ཁ་པར་སྣེ་ལེན་བྱས་ཡོད།
སློབ་རའི་གསར་འགྱུར་དང་འབྲེལ་ཡོད་ཀྱི་པར།

1.jpg

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་རྭ་རྒྱ་བཟོད་པས་སློབ་གླིང་དུ་འཆད་ཁྲིད་གནང་བ།

2.jpg

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གཟའ་ཕུར་བུའི་དམ་བཅའ་ཆེན་མོ།

3.jpg

བགྲོ་གླེང་དམ་བཅའ་ལས་ཐོབ་པའི་གཟེངས་དར།

4.jpg

གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་དུ་མགོ་ལོག་ཁུལ་མི་རིགས་གླུ་གར་ཚོགས་པས་ཐུམ་འབུའི་ནད་ཡམས་སྔོན་འགོག་བྱེད་པའི་རིག་རྩལ་འཁྲབ་སྟོན་ཞིག་སྤེལ།

5.jpg

མགོ་ལོག་ཁུལ་བརྙན་འཕྲིན་ཁང་གིས་སློབ་སྤྱི་བ་རྒན་ཚུལ་ཁྲིམས་དར་རྒྱས་ལགས་ལ་བཅར་འདྲི་བྱེད་བཞིན་པ།

6.jpg

7.jpg

8.jpg

མཚོ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བའི་ལས་སྒྲུབ་ཚན་ཆུང་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྤྲོ་སྣང་སློབ་ཁྲིད་ལ་གཟིགས་ཞིབ་ཏུ་ཕེབས་པའི་རྣམ་པ།

རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ །
ཁྲིད་གཏོང་བ། ཕག་མོ་སྒྲོལ་མ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་པ། རྣ་བྷ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་གསར་འགྱུར་སྐུར་བ་དང། ལེ་ཚན་དང་མི་སྒེར་གང་རུང་ལ་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པའམ་ཡང་ན་སྐད་འཕྲིན3241895508འདིའི་ནང་དུ་འཕྲིན་ཡིག་བཞག་ཆོག།
གཞུང་ལས་ཁང་། 0971 6329322
སྦྲག་སྲིད་ཨང་གྲངས། 810008 青海省西宁市西关大街81号青海人民广播电台藏语频率<<青春风景线 >>栏目